དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་ལོ་སྟོད་དུ་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་ཐད་ཀྱི་ཞབས་འདེགས་ནུས་ལྡན་ཞུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-14

    འདི་ལོའི་ལོ་སྟོད་དུ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“ཡིད་རྟོན་ཆ་འཕྲིན་བསྡུ་རུབ་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཞབས་འདེགས་ཀྱི་འདུ་ཤེས་རྒྱུན་དུ་བཅངས་ཏེ། ཁོངས་གཏོགས་ཁུལ་གྱི་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དྲ་ཐོག་གི་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་ཞབས་འདེགས་ཐབས་ལམ་རྒྱ་ཆེར་ཧུར་ཐག་གཏོང་བ། ཡིད་རྟོན་ཆ་འཕྲིན་འདྲི་རྩད་དང་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་སྔར་བས་ཤར་གཏོང་། ཁོངས་གཏོགས་ཁུལ་གྱི་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་ཞབས་འདེགས་སྟབས་བདེ་ཅན་གྱི་ཚད་གཞི་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་པས། ཡིད་རྟོན་ཆ་འཕྲིན་བསྡུ་རུབ་ཀྱི་ཞབས་འདེགས་ནུས་ལྡན་ཞུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ་བོད་ཀྱི་ས་གནས་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་ལས་སྟེགས་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། ཟླ་7པའི་ཟླ་མཇུག་བར། ལས་སྟེགས་དེས་སྲིད་གཞུང་དང་སྤྱི་པའི་བྱ་གཞག་ཚན་པ་25དང་འབྲེལ་མཐུད་བྱས་པ་དང་། ཁེ་ལས་ཁྲི་13ལྷག་ཙམ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་སོགས་ཀྱི་ཆ་འཕྲིན་ཁྲི་4160ལྷག་ཙམ་གཅིག་སྡུད་བྱས་ཡོད། བོད་ལྗོངས་ས་གནས་ཡིད་རྟོན་བསྡུ་རུབ་ལས་སྟེགས་ཀྱིས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་16དང་དངུལ་ཁང་མིན་པའི་དངུལ་རྩའི་སྒྲིག་གཞི་22ཚང་མར་བཅའ་སྡོད་བྱས་པ་དང་། རིམ་རྩིས་བརྒྱབ་ན་སྒྲིག་གཞིའི་དྲ་ཚིགས་152དང་སྦྲེལ་མཐུད་བྱས་པ། དངུལ་རྩའི་ཐོན་རྫས་136ཁྱབ་བསྒྲགས་བྱས་པ། ལས་སྟེགས་བརྒྱུད་མ་དངུལ་བསྡུ་སྒྲིལ་ཐད་སྦྲེལ་མཐུད་ཐེངས་349བྱས་པར་དངུལ་འབོར་སྒོར་དུང་ཕྱུར་210.19ཟིན་ཡོད།

    དེ་དང་ཆབས་ཅིག་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་རྒྱུན་གཏན་གྱི་རྒྱུ་ནོར་དང་མ་དངུལ་བསྡུ་སྒྲིལ་གྱི“ལས་སྟེགས་ཆེན་པོ་གཉིས”ལ་དམིགས་ཏེ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་མ་དངུལ་བསྡུ་སྒྲིལ་གྱི་ཞབས་འདེགས་ཞུ་བའི་ལས་ཕྱོད་ཆེ་རུ་བཏང་ཞིང་། ཟླ་དང་པོ་ནས་བདུན་པ་བར“བསྡུ་དགོས་པའི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་ཞབས་འདེགས་ལས་སྟེགས”ནས་དངུལ་བུན་གསར་པ་གཏོང་ཐེངས་168འཕར་བ་དང་རིམ་རྩིས་བརྒྱབ་ན་དངུལ་བུན་གཏོང་ཐེངས་881ཟིན་ཡོད། དངུལ་འབོར་གསར་པ་སྒོར་དུང་ཕྱུར་18.51འཕར་བ་དང་རིམ་རྩིས་བརྒྱབ་ན་དངུལ་འབོར་སྒོར་དུང་ཕྱུར་417.70ཟིན་ཡོད། “རྒྱུན་གཏན་གྱི་རྒྱུ་ནོར་དང་ཁེ་དབང་ཁག་ཐེག་གི་གཅིག་གྱུར་ཐོ་འགོད་ཡོངས་བསྒྲགས་མ་ལག”ནས་ལས་སྒོ་སྣ་ཚོགས་ཐོ་གསར་པ་འགོད་ཐེངས་1687འཕར་བ་དང་རིམ་རྩིས་བརྒྱབ་ན་ཐོ་འགོད་ཐེངས་7064ཟིན་ཡོད།

    མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཡིད་རྟོན་སྐར་ཁུང་ཚད་ལྡན་ཅན་དང་ཡིད་རྟོན་འདྲི་རྩད་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། ཟླ་དང་པོ་ནས་བདུན་པ་བར་ཡིད་རྟོན་སྙན་སེང་འདྲི་རྩད་ཐེངས་ཁྲི་16.53མཁོ་འདོན་བྱས་པ་རེད། ཟླ་7པའི་ཟླ་མཇུག་བར་ཁོངས་གཏོགས་ཁུལ་དུ་ཡིད་རྟོན་སྙན་སེང་རང་འགུལ་འདྲི་རྩད་འཕྲུལ་ཆས་184བཀོད་སྒྲིག་བྱས་ཡོད།

    གཞན་ཡང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཞིང་འབྲེལ་ཡིད་རྟོན་དཔྱད་བསྡུར་གཏན་འབེབས་ཀྱི་ལས་དོན་ཧུར་ཐག་སྤེལ་བར་མཛུབ་ཁྲིད་བྱས་ཤིང་། ཟླ་6པའི་བར་ཁོངས་གཏོགས་ཁུལ་གྱི་ཡིད་རྟོན་རྫོང་47དང་། ཡིད་རྟོན་ཤང(གྲོང་རྡལ)584 ཡིད་རྟོན་གྲོང་ཚོ་5026 ཡིད་རྟོན་དུད་ཚང་ཁྲི་52.25བཅས་དཔྱད་བསྡུར་གཏན་འབེབས་བྱས་ཡོད། “གཱ་བཞི”ཁྱོན་ཁྲི་46.45སྤྲད་པ་དང“གཱ་བཞིའི”དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་318.19ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།