དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-14

    ཉིན་ཤས་གོང་། 2023ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་སྨྱན་སྦྱོར་དབུ་ཚོགས་དང་2023ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་སྨྱན་སྦྱོར་ཟབ་སྦྱོང་འཛིན་གྲྭར་ཞུགས་པའི་རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་དྲུག་གི་གཙོ་རྒྱུན་སྨྱན་སྦྱོར་གྱི་གསར་འགོད་པ་དང་སྨྱན་སྦྱོར་བ་བསླབ་པ་རྒན་གྲས་པེ་ཅིང་དང་། ཀོང་ཏུང་། ཡུན་ནན་སོགས་སུ་འཚམས་འདྲིར་བསྐྱོད་ཅིང་། ཁོ་ཚོས་ཀྲུང་གོའི་ཁེ་ལས་མང་པོར་བསྐྱོད་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་ལག་རྩལ་ཤེས་རྟོགས་ནན་ཏན་བྱས་ནས། རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཚོལ་ཞིབ་ཀྱིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལ་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད།

    “ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ནི་རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་འཕེལ་རྒྱས་དགོས་མཁོ་དང་མཐུན་ཡོད”

    རྒྱལ་ཁབ་གློག་ཤུགས་མ་དངུལ་ཚོགས་པ(གཤམ་དུ“རྒྱལ་ཁབ་གློག་ཤུཌ་མ་དངུལ”ཞེས་བསྡུ་རྒྱུ)ཡུན་ནན་ཧྥུའུ་ཡོན་ནུབ་རླུང་གློག་ཤུགས་རྣམ་གྲངས་སུ་བསྐྱོད་ནས། 2023ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་སྨྱན་སྦྱོར་ཟབ་སྦྱོང་འཛིན་གྲྭའི་ཁོངས་མི་ཚོས་སྐྱེ་ཁམས་རིག་ལྡན་རླུང་གློག་ར་བ་འཛུགས་སྐྲུན་གྱི་ཉམས་མྱོང་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་སྤྱི་ཚོཌ་ཀྱི་ཕན་འབྲས་ལ་དོ་ཁུར་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཧྥུའུ་ཡོན་ནུབ་རླུང་གློག་ཤུགས་རྣམ་གྲངས་ཀྱིས་ཟླ་5ཚེས་8ཉིན་ཁྱོན་ཡོངས་ནས་གློག་གཏོང་འགོ་ཚུགས་ཤིང་། རྒྱལ་ཁབ་གློག་ཤུགས་མ་དངུལ་ཡུན་ནན་རྒྱལ་སྤྱི་གློག་ཤུགས་མ་དངུལ་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་80ཟིན་པ། རླུང་འཁོར་135སྒྲིག་སྦྱོར་བྱས་པ། སྔོན་དཔག་བྱས་ན་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་64.1གྲོན་ཆུང་ཐུབ་པ། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་173.2འབུད་ཚད་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད། ཐེ་ལན་བརྙན་འཕྲིན་གྱི་འཕྲིན་ལམ་ལྔ་པའི་མཐོ་རིམ་གཙོ་འགན་རྩོམ་སྒྲིག་པ་ཁུར་ཝ་ཏི·པཱ་ཏ་ནཱ་ལི་ཐ་ཡིས“རླུང་འཁོར་སྒྲོམ་གཞིའི་ཚོན་རིས་ལ་མི་རིགས་ཀྱི་ཁྱད་ཆོས་དང་རང་བྱུང་སྐྱེ་ཁམས་ཀྱི་གཞི་རྒྱུ་འདྲེས་ཡོད་པས་སྙིང་རྗེ་པོ་ཡོད་པ་མ་ཟད། ས་མཐོའི་ཁོར་ཡུག་དང་མཉམ་འདྲེས་གང་ལེགས་བྱུང་ཡོད། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ནི་རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་འཕེལ་རྒྱས་དགོས་མཁོ་དང་མཐུན་ཡོད”ཅེས་བརྗོད་པ་རེད།

    “ཁ་ཡོད་ལག་ཡོད་ཀྱི་རྣམ་གྲངས་ལས་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་ཡོད”

    2023ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་སྨྱན་སྦྱོར་ཟབ་སྦྱོང་འཛིན་གྲྭའི་ཁོངས་མི་འཛམ་གླིང་གི་ཁ་ཞེང་ཆེ་ཤོས་ཡིན་པའི་མཚོ་དཀྱིལ་དཔྱང་ཟམ་སྟེ། ཧྲན་ཀྲུང་བགྲོད་ལམ་ལིང་ཏིང་དབྱང་ཟམ་ཆེན་བསྐྲུན་ཡུལ་དུ་ལྟ་སྐོར་བྱེད་སྐབས“བརྗིད་ཉམས་ཧ་ཅང་ཆེན་པོ་འདུག གཞི་ཁྱོན་ཧ་ཅང་ཆེ་བའི་ཟམ་པའི་རྣམ་གྲངས་འདི་ལྟ་བུ་མཐོང་ཐེངས་དང་པོ་ཡིན་པས་སེམས་ནང་གཡོ་འགུལ་ཆེན་པོ་ཐེབས་བྱུང”ཞེས་ཀྲུང་གོའི་བྱང་ཆུབ་པའི་ལམ་ཟམ་བཟོ་སྐྲུན་ལག་རྩལ་ལ་མཐེ་བོང་སྒྲེང་བཞིན་དུ་བསྔགས་བརྗོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པས(གཤམ་དུ“ཀྲུང་གོ་འགྲིམ་འགྲུལ་ཚོགས་པ”ཞེས་བསྡུ་རྒྱུ)རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཞུགས་ཏེ། རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་དམངས་སེམས་གཅིག་མཐུན་གྱི་འབྲེལ་ཟམ་ཞིག་འཛུགས་པར་སྐུལ་འདེད་བཏང་ཡོད། ཁམ་ཕུ་ཁྲེར་ཀྲུང་གོ་འགྲིམ་འགྲུལ་ཚོགས་པས་ཁོངས་གཏོགས་ཁུལ་གྱི་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི་བསྐྲུན་པ་དང་ས་གནས་དེ་གའི་ལས་བཟོ་སྔོན་ལ་བསྡུས་པ་ལས་རྒྱལ་ཁབ་དེར་ཁྱོན་ལས་ཞུགས་ལས་གནས་ཁྲི་3ཙམ་བཏོད་ཡོད། “ཀྲུང་གོའི་ཁེ་ལས་ལ་འགན་འཁྲི་འཁུར་སེམས་ཆེན་པོ་འདུག ཁོ་ཚོས་རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་པ་མ་ཟད། ད་དུང་ཁ་ཡོད་ལག་ཡོད་ཀྱི་རྣམ་གྲངས་བརྒྱུད་དམངས་སེམས་གཅིག་མཐུན་ཡོང་བར་ཡང་སྣང་ཆེན་བྱེད་ཀྱི་འདུག”ཅེས《འབར་མའི་གོ་ལ་ཧྲིལ་པོའི་ཤིན་ཀོང་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨང་ཏུའུ་ཡཱ་ཡིས་བརྗོད།

    “ཀྲུང་གོའི་ལག་རྩལ་གྱིས་ང་ཚོའི་ལྗང་མདོག་ཕྱོགས་སྒྱུར་ལ་རམ་འདེགས་བྱས་བྱུང”

    2023ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་སྨྱན་སྦྱོར་ཟབ་སྦྱོང་འཛིན་གྲྭའི་ཁོངས་མི་ཀོང་ཏུང་གི་ཏུང་དབན་དུ་ཡོད་པའི་ཧྭ་ཝེ་སུང་ཧྲན་མཚེའུ་གླིང་ཁུལ་དུ་སླེབས་ཏེ་རླངས་འཁོར་ནས་བབས་མ་ཐག་མིག་མདུན་གྱི་མཛེས་ལྗོངས་ཀྱིས་ཡིད་དབང་རབ་ཏུ་འཕྲོག ཚང་མས་དེ་གར་དྲན་རྟེན་པར་བརྒྱབ་པ་དང་ད་དུང་ཁག་གཅིག་གིས་ཐད་གཏོང་བྱེད་འགོ་བརྩམས། “ངའི་བསམ་པར་སྐྱེ་ཁམས་སྤྱི་གླིང་དུ་སླེབས་བྱུང་སྙམ་ཡང་བསམ་ཡུལ་ལས་འདས་པར་དེ་ནི་ཧྭ་ཝེ་ཡི་ཞིབ་འཇུག་གསར་སྤེལ་ལྟེ་གནས་རེད་འདུག”ཅེས་ཐེ་ལན་བརྙན་འཕྲིན་གྱི་འཕྲིན་ལམ་ལྔ་པའི་ཙུང་ཚའེ་གཞོན་པ་ཐ་དབུན་ནན·ཁང་ཁེ་ལན་གྱིས་བཤད།

    “ཀྲུང་གོའི་ལག་རྩལ་གྱིས་ང་ཚོའི་ལྗང་མདོག་ཕྱོགས་སྒྱུར་ལ་རོགས་རམ་བྱས་བྱུང”ཞེས་ཐེ་ལན་བརྙན་འཕྲིན་གྱི་འཕྲིན་ལམ་ལྔ་པའི་མཐོ་རིམ་གཙོ་འགན་རྩོམ་སྒྲིག་པ་ཁུར་ཨེར་ཝ་ཏི·པཱ་ཏ་ནཱ་ལི་ཐ་ཡིས་ཧྭ་ཝེ་ཀུང་སིས་མཁོ་འདོན་བྱས་པའི་སྔོན་ཐོན་དྲ་རྒྱའི་ལག་རྩལ་གྱིས་ནུས་རྒྱུ་གསར་པའི་གཏེར་འདོན་རླངས་འཁོར་གྱི་ཁ་ལོ་བ་མེད་པ་དང་། རིག་ནུས་བཀོད་གཏོང་། རིག་ནུས་མཐུན་སྦྱོར་བཅས་ཀྱི་ལས་ཀ་མངོན་འགྱུར་ཐུབ་ནས་རྣམ་གྲངས་ཀྱི་རིག་ནུས་ཅན་དང་མི་མེད་ཅན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་ཅེས་བཤད།

    “རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་ནུས་རྒྱུ་སྒྱུར་བ་དང་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ཡོད”

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ལྷོ་ཕྱོགས་གློག་དྲ་ཀུང་སིས(གཤམ་དུ“ལྷོ་ཕྱོགས་གློག་དྲ”ཞེས་བསྡུ་རྒྱུ)ཆན་ཧྥུའུ་110ཡན་གྱི་སྐུད་ལམ་ཐེངས་མང་སྤྱད་དེ་ཝེ་ཐེ་ནམ་དང་། ལོ་སི། འབར་མ་སོགས་མཐའ་འཁོར་རྒྱལ་ཁབ་དང་གློག་དྲ་འབྲེལ་མཐུད་བྱས་ཏེ། གོ་རིམ་ལྡན་པའི་ངང་རྒྱལ་མཚམས་སྒྲོལ་བའི་གློག་ཤུགས་ཉོ་ཚོང་ལ་ནུས་རྒྱུ་གཙང་མའི་བསྡུར་ཚད་90%ལྷག་ཙམ་ཟིན་པ་བྱས་ནས། རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་ལྗང་མདོག་གི་སྒུལ་ཤུགས་བསྣན་ཡོད། གཞན་ཡང་ཀུང་སིས་ད་དུང་རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་ཧུར་ཐག་བྱས་ཏེ། རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་གློག་ཤུགས་ཁེ་ལས་ལ་གསོ་སྦྱོང་ཐེངས་32བྱས་པ་དང་། རིམ་རྩིས་བྱས་ན་རིགས་ཁག་གི་ལག་རྩལ་པ་871གསོ་སྐྱོང་བྱས་པ། རིམ་རྩིས་བྱས་ན་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་ཕྱི་རྒྱལ་གྱི་སློབ་མ་165ལ་རོགས་དངུལ་སྤྲད་པ་རེད།

    འབར་མའི་རང་ཀོང་སྨྱན་སྦྱོར་ཚོགས་པའི་ཀྲུའུ་ཞི་ཝུའུ་ཀོ་ཀོ་ཡིས། སླད་ཕྱིན་ལྷོ་ཕྱོགས་གློག་དྲས་གསར་གཏོད་ཀྱི་གྲུབ་འབྲས་མུ་མཐུད་ལོངས་སུ་སྤྲད་ནས“རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་ནུས་རྒྱུ་སྒྱུར་བ་དང་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད”ཅེས་བརྗོད་པ་རེད།

    “རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད”

    2023ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་སྨྱན་སྦྱོར་ཟབ་སྦྱོང་འཛིན་གྲྭའི་ཁོངས་མི་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པར(གཤམ་དུ“ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན”ཞེས་བསྡུ་རྒྱུ)འཚམས་འདྲིར་བསྐྱོད་ནས་རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་དྲུག་གི་གློག་ཤུགས་ཕན་ཚུན་སྦྲེལ་མཐུད་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པས་ནུས་རྒྱུ་གསར་སྤེལ་དང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འགྱུར་ལྡོག་གསར་པར་མྱོང་ཚོར་ཏན་ཏིག་ཐུབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་གྱིས་ཐེ་ལན་དུ་སྐྲུན་འགན་འཁུར་བའི་ཧྲི་ལིན་ཐུང་རགས་ཆེན་གྱི་ཕྱོགས་བསྡུས་འཕྱོ་གཟུགས་འོད་ཤུགས་རྣམ་གྲངས་ཀྱིས་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་4.7ཉུང་དུ་བཏང་སྟེ་ཐེ་ལན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་གྱིས་ཝེ་ཐེ་ནམ་དུ་བསྐྲུན་པའི་ཅ་ལའེ་རླུང་གློག་རྣམ་གྲངས་ཀྱིས་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་89.7ཉུང་དུ་གཏོང་ཐུབ་ཡོད། “རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད”ཅེས་ཝེ་ཐེ་ནམ་རྒྱལ་ཚོགས་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་པུའི་ཀྲུའུ་རེན་རོན་ཁྲུན་དབྱིན་གྱིས་བཤད།

    “ཁེ་ལས་གྲོང་ཁྱེར་གྱི་བཅོས་སྐྱོང་ལ་ཞུགས་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད”

    ཀོང་ཏུང་གི་ཀོང་ཀྲོའུ་ཧའེ་ཀྲུའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་ཀོང་ཀྲོའུ་མཐོ་ལྕོག་གི་མཛེས་ལྗོངས་ཁུལ་དུ་2023ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་སྨྱན་སྦྱོར་ཟབ་སྦྱོང་འཛིན་གྲྭའི་ཁོངས་མིས་གྲོང་ཁྱེར་གྱི་སྐྱེ་ཁམས་གླིང་གཉེར་སྐྱོང་དང་སྤྱི་ཚོགས་ཀྱི་གཞི་རིམ་བཅོས་སྐྱོང་སོགས་ཐད་ཀྱི་གསར་གཏོད་དང་ལག་ལེན་ལ་ཤེས་རྟོགས་གཏིང་ཟབ་བྱས་ཡོད། “གྲོང་ཁྱེར་གྱི་ལྟེ་བར་འདམ་རའི་སྤྱི་གླིང་འདི་འདྲ་ཞིག་བསྐྲུན་པས་དངོས་འབྲེལ་དཀོན་པོ་རེད”ཅེས་ཝེ་ཐེ་ནམ་རྒྱལ་ཚོགས་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་པུའི་ཀྲུའུ་རེན་རོན་ཁྲུན་དབྱིན་གྱིས་བཤད།

    2021ལོར་པའོ་ལི་སྡེ་ལས་ཀུང་སིར་ཀོང་ཀྲོའུ་མཐོ་ལྕོག་མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་ཁོར་ཡུག་སྤུས་ཚད་མཐོར་གཏོང་རྣམ་གྲངས་ཀྱི་འོས་ཐོབ་བདེ་བླག་ངང་རག་ནས་ས་ཁོངས་ཧྲིལ་པོའི་གྲོང་ཁོངས་བཅོས་སྐྱོང་གི་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད། ཟབ་སྦྱོང་འཛིན་གྲྭའི་ཁོངས་མིས་མཛེས་ལྗོངས་ཁུལ་གྱི་ཀྲུའུ་ཅང་གཙང་པོའི་འགྲམ་དུ་འཆམ་འཆམ་དུ་སྐྱོད་སྐབས། གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་ཡིད་དབང་འཕྲོག་ཤུགས་ལ་མྱོང་ཚོར་ཐུབ་ཡོད། “ཀྲུང་གོའི་ཁེ་ལས་ཀྱིས་གྲོང་ཁྱེར་གྱི་བཅོས་སྐྱོང་ལ་ཞུགས་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཐེ་ལན་གྱིས་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རིང་བྱེད་སྟངས་འདི་དཔྱད་གཞིར་འཛིན་པའི་རེ་བ་ཡོད”ཅེས་ཐེ་ལན་བརྙན་འཕྲིན་གྱི་འཕྲིན་ལམ་ལྔ་པའི་ཙུང་ཚའེ་གཞོན་པ་ཐ་དབུན་ནན·ཁང་ཁེ་ལན་གྱིས་བཤད།

    “གོ་ལ་ཧྲིལ་པོའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད”

    མིག་སྔར་ཀོང་ཀྲོའུ་རླངས་འཁོར་ཨའེ་ཨན་ནུས་རྒྱུ་གསར་པའི་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི(གཤམ་དུ“ཀོང་ཀྲོའུ་ཨའེ་ཨན་རླངས་འཁོར་ཀུང་སི”ཞེས་བསྡུ་རྒྱུ)རིག་ནུས་སྐྱེ་ཁམས་བཟོ་གྲྭའི་ལོའི་ཐོན་ནུས་ཚད་ལྡན་རླངས་འཁོར་ཁྲི་40ཙམ་ཟིན་ནས་སྤྱོད་མཁན་གྱིས་རླངས་འཁོར་མངགས་པ་ནས་ལྷུ་ལག་མཁོ་སྤྲོད་བར་དང་། དེ་ནས་རླངས་འཁོར་ཐོན་སྐྱེད་དང་། རྩིས་སྤྲོད། ཞབས་འདེགས་སོགས་ལྷུ་ཚིགས་ཀྱི་བརྒྱུད་རིམ་ཧྲིལ་པོ་གྲངས་གཞི་ཅན་མངོན་འགྱུར་བྱུང་ཡོད། 2023ལོར་ལས་རིགས་ནང་ཁུལ་གྱི་ཐཱན་མེད་བཟོ་གྲྭ་དང་པོ་སྐྲུན་རྩིས་ཡོད་པ་རེད། འབར་མའི་རང་ཀོང་སྨྱན་སྦྱོར་ཚོགས་པའི་ཀྲུའུ་ཞི་ཝུའུ་ཀེ་ཀེ་ཡིས། ཀོང་ཀྲོའུ་ཨའེ་ཨན་རླངས་འཁོར་ཀུང་སི་སོགས་ཀྲུང་གོའི་ཁེ་ལས་ལ་ནུས་རྒྱུ་གསར་པའི་རླངས་འཁོར་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཁྱབ་ཁོངས་སུ་སྟོབས་ཤུགས་ཆེན་པོ་ལྡན་ཡོད། དེས་ཀྲུང་གོའི་རྒྱལ་ནང་གི་འབྲེལ་ཡོད་ལས་རིགས་ཕན་ཚུན་མཉམ་འདྲེས་མཉམ་གནས་དང་མཉམ་ལས་གཉིས་ཁེ་ཡོང་བར་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་བསྐྲུན་པ་མ་ཟད། གོ་ལ་ཧྲིལ་པོའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལའང་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད”ཅེས་བཤད།

    “ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་རང་འགུལ་ཅན་གྱི་ཆུ་ཚད་མི་རྣམས་ཧང་སང་དགོས་པ་ཞིག་ཡོད། ཕན་འབྲས་ཆེ་བའི་ཐོན་སྐྱེད་བྱེད་སྟངས་དེ་རིགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད”ཅེས་ཁམ་ཕུ་ཁྲེའི་ལྷ་མོ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མཐོ་རིམ་གཙོ་འགན་རྩོམ་སྒྲིག་པ་ཆིན·ཐི་ནཱ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།