དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཐང་རྒོད་བྱེ་ཐང་དུ་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་ཡུང་དང་ལིའུ་ཡུས་རུའེ།   |     སྤེལ་དུས།  2023-08-14

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་དོལ་ཐང་གི་དེ་སྔའི་ཐང་རྒོད་དེ་ད་ཆ་འོད་ཤུགས་གློག་གི“མཚོ་སྔོན་པོ”ལྟ་བུར་གྱུར་ཡོད། 2022ལོར་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི“སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆེ་ཤོས་ཀྱི་འོད་ཤུགས་གློག་གཏོང་གླིང”ཡིན་པའི་ངོས་འཛིན་ཁས་ལེན་བྱས་པ་དང་འོད་ཤུགས་ཀྱིས་གཙོས་པའི་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་བསྡོམས་འབོར་ཆན་ཝ་ཁྲི་1478ཟིན་པ་དང་2022ལོར་རིམ་རྩིས་བྱས་ན“ལྗང་མདོག་གློག”ཆུ་ཚོད་ཆན་ཝ་དུང་ཕྱུར212.6བཏང་ཡོད་པ་རེད།

    “རླུང”དང“འོད”ལ་རྫོགས་མཐའ་མེད། འཕེལ་རྒྱས་ལ་ལྗང་མདོག་གི་འགུལ་ནུས་བསྣན་པ་དེ་ནི་མཚོ་ལྷོ་ཀྲོའུ་ལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྣམ་པ་གཞན་ཞིག་རེད། 2022ལོར་མཚོ་ལྷོ་ཀྲོའུ་ཡི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆོག་མཆན་ཐོབ་པའི་གསར་གཏོད་དཔེ་སྟོན་ཁུལ་ཐོག་མ་དེ་ཡིན་པ་མ་ཟད། མིག་སྔར་རང་རྒྱལ་གྱི་ཆོག་མཆན་ཐོབ་པའི་གསར་གཏོད་དཔེ་སྟོན་ཁུལ་འབའ་ཞིག་ཡིན་པའི་མི་རིགས་རང་སྐྱོང་ཀྲོའུ་ཞིག་ཀྱང་རེད།

    འཛུགས་སྐྲུན་བྱས་ནས་ལོ་གཅིག་སོང་རིང་། དཔེ་སྟོན་ཁུལ་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་གང་འདྲ་ཡོད་དམ། གཙང་ཆུའི་ཆུ་འགོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོའི་འོག་བཀོལ་སྤྱོད་ཆོག་པ་དང་། འདྲ་བཟོ་ཆོག་པ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་ཕན་ནུས་ལྡན་པའི་རྣམ་པ་གང་དག་ཆགས་ཡོད་དམ། ཉེ་ཆར། གསར་འགོད་པ་ས་ཆ་དེ་གར་བསྐྱོད་ནས་འཚོལ་ཞིབ་ནན་ཏན་བྱས་པ་རེད།

    གསར་གཏོད་ལ་བརྟེན་ནས་ནུས་རྒྱུ་གཙང་མའི་ཐོན་ལས་ནུས་ཆེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

    མཚོ་ལྷོ་ཀྲོའུ་ནི་མཚོ་སྔོན་པོའི་ལྷོ་ངོགས་སུ་གནས་པས་མིང་དེ་ལྟར་ཐོགས་པ་དང་། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་ནས་ཉི་འོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་འོད་ཤུགས་ནི་གློག་ཁུངས་བརྟན་པོ་མེད་པ་ཞིག་ཡིན་ཞིང་ཉིན་མོ་ཡོད་ལ་དགོང་མོ་མེད་པ་དང་གནམ་གཤིས་ལ་བརྟེན་དགོས་པ་མ་ཟད། ད་དུང་བར་མཚམས་རང་བཞིན་དང་འཕར་ཆག་རང་བཞིན་ཡང་མངོན་གསལ་དོད་པོ་ཡོད་པས། གློག་གཏོང་སྤུས་ཚད་དང་གློག་དྲའི་བདེ་འཇགས་འགན་ལེན་ཁག་པོ་ཡོད། ས་བཟུང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་600ལྷག་ཙམ་ཟིན་པའི་མཚོ་སྔོན་པོ་ཐང་རྒོད་དུ་ཁྱབ་ཡོད་པ་དང་དེ་དག་སྔར་བས་བོད་སྤྱོད་ཡག་པོ་ཡོང་བར་ཆུ་དང་གློག་ལ་བརྟེན་དགོས་ཀྱི་ཡོད།

    ཆུ་གང་ནས་ཡོང་གི་ཡོད་དམ། རྨ་ཆུ་ཤར་ཕྱོགས་སུ་རྒྱུག་པ་དང་། མཚོ་ལྷོ་ཀྲོའུ་རུ་བཞུར་ཏེ་རི་ཀླུང་གྲོག་རོང་བརྒྱུད་འཛམ་གླིང་ཀུན་ཏུ་སྐད་གྲགས་ཆོད་པའི་ཚ་རྔ་འགག་ཆུ་གློག་ཁང་བཙུགས་ཡོད། “‘ཆུ་འོད་གསབ་རེས’ཀྱི་ལག་རྩལ་བརྒྱུད་འོད་ཤུགས་གློག་གཏོང་ཉུང་དུ་ཕྱིན་ཚེ་ཆུ་གློག་འཕྲུལ་ཚན་གྱིས་སྐར་ཆ་ཁ་ཤས་ནང་གློག་གཏོང་ཚད་ཆེ་རུ་ཕྱིན་ནས་གློག་རྒྱུན་མི་ཆད་པ་དང་། སྐབས་བསྟུན་དང་། བརྟན་པོ་མེད་པ། བར་མཚམས་བཅས་ལྡན་པའི་འོད་ཤུགས་གློག་གཏོང་དེ་དོ་སྙོམས་དང་། སྤུས་ལེགས། བདེ་འཇགས་བཅས་ལྡན་པའི་གློག་ཁུངས་བརྟན་པོ་བྱས་ནས་གློག་དྲར་གཏོང་གི་ཡོད”ཅེས་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་ཀུང་སིའི་ཚ་རྔ་འགག་གློག་གཏོང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧོང་ཆིང་ཀང་གིས་ངོ་སྤྲོད་བྱས་པ་རེད།

    “ཆུ་འོད་གསབ་རེས”དང་མི་འདྲ་བར་གླིང་ནང་གི་འོད་དྲོད་གློག་ཁང་གི་བརྟེན་ས་ནི“དྲོད་ཀྱིས་འོད་གསབ་པ”དེ་ཡིན། “གློག་ཁང་དེས་ཉིན་མཚན་གཅིག་ལས་ཀ་བྱས་ཚེ་དུད་ཚང་ཁྲི་10ཡི་གྲོང་མིའི་ཆུ་ཚོད་24ཡི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ཀྱི་ཡོད”ཅེས་མཚོ་ལྷོ་ཀྲོའུ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་དོ་དམ་ཨུ་ལྷན་གྱི་དཔལ་འབྱོར་འཕེལ་རྒྱས་པུའི་པུའུ་ཀྲང་ལིའུ་ཀོང་གིས་གསར་འགོད་པར་བརྗོད།

    ས་གནས་དེ་གར་ཞབས་འདེགས་ཞུ་ཐུབ་པ་མ་ཟད། “ལྗང་མདོག་གློག”གིས་རྒྱལ་ཡོངས་ལ་ཡང་ཞབས་འདེགས་ཞུ་གི་ཡོད། 2020ལོར། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་དམིགས་བསལ་མཐོ་གནོན་གློག་འདྲེན་སྐུད་ལམ་ཐོག་མ་སྟེ་མཚོ་སྔོན་དང་ཧོ་ནན་གྱི±ཆན་ཧྥུའུ་800ཡི་མཐོ་གནོན་ཐད་རྒྱུག་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་ཡོད། “བར་ཐག་རིང་བ་དང་ཤོང་ཚད་ཆེ་བའི་མཐོ་གནོན་གློག་འདྲེན་ལག་རྩལ་ལ་བརྟེན་ནས། སྐར་ཆ་0.00526ལས་སྤྱོད་མི་དགོས་པར་མཚོ་སྔོན་གྱི“ལྗང་མདོག་གློག”སྤྱི་ལེ་1500ལྷག་ཙམ་གྱི་བར་ཐག་ཆོད་པའི་ཧོ་ནན་དུ་གཏོང་ཐུབ་ཀྱི་ཡོད། སྐར་ཆ་གཅིག་གི་གློག་གཏོང་ཚད་ཀྱིས་ཁྱིམ་ཚང་གཅིག་ལ་ལོ་གཉིས་རིང་སྤྱོད་རྒྱུ་ཡོད”“ལས་གྲྭ་འཁོར་སྐྱོད་བྱས་པ་ནས་བཟུང་རིམ་རྩིས་བྱས་ན་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་300ལྷག་ཙམ་ཟིན་ཡོད”ཅེས་ཐད་རྒྱུག་ལས་གྲྭའི་ཆིང་ནན་གློག་སྒྱུར་ས་ཚིགས་ཀྱི་ཀྲན་ཀྲང་ལི་པིན་ཧྲན་གྱིས་སེམས་འགུལ་ཐེབས་བཞིན་བརྗོད།

    སྐྱེ་ཁམས་བཟང་པོ་འཕེལ་རྒྱས་ཀྱི་རྨང་གཞིར་འགྱུར་བར་བྱས་པ།

    ཆུ་ཐིགས་རེ་རེས་འོད་ལེབ་འོག་གི་ས་རྒྱུ་བརླན་པར་བྱས། འོད་ཤུགས་གློག་ཁང་བསྐྲུན་རྗེས་འོད་ཤུགས་འོད་ལེབ་ལ་བརྟེན་ནས་རླུང་གི་མྱུར་ཚད་50%ཆག་པ་དང་ས་ཆུ་རླངས་པར་འགྱུར་ཚད་30%ཉུང་དུ་ཕྱིན་ཡོད། དེ་སྔའི“ལོ་གཅིག་ལ་རླུང་བུ་ཐེངས་རེ་རྒྱག་པ་དེ་དཔྱིད་ཀ་ནས་དགུན་ཁ་བར་རྒྱག་གི་ཡོད”གྲམ་ཐང་དེ་ད་ཆ་སྔོ་ཐིང་ཐིང་གི་རྩྭ་ཐང་དུ་རིམ་བཞིན་གྱུར་ཡོད། ཉེ་བའི་ལོ་5ཡི་ནང་གླིང་དེའི་སྔོ་ཁེབས་ཁྱབ་ཚད་80%ཟིན་ཡོད་པ་རེད།

    སྔོ་ཁེབས་ཀྱིས་ཁེངས་ནས་མི་རྣམས་དགའ་བ་སྐྱེ་འོས་པ་ཞིག་ཡོད་མོད། འོན་ཀྱང་དེ་དང་བསྟུན་ནས་སེམས་ཁྲལ་བྱེད་དགོས་པའི་དོན་དག་ཡང་ཡོད། “རྩྭ་སྐྱེ་འཚར་ཇི་ཙམ་བཟང་ན་འོད་ཤུགས་འོད་ལེབ་ལ་ཉི་མ་ཕོག་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད། སྟོན་དགུན་གཉིས་སུ་དུས་ཐོག་ཏུ་གཙང་སེལ་མ་བྱས་ཚེ་མེ་སྐྱོན་ཐོན་ནས་གྱོང་གུན་ཆེན་པོ་ཕོག་གི་ཡོད། འོན་ཀྱང་མི་བཀོད་སྒྲིག་བྱས་ནས་རྩྭ་འབྲེག་པར་འཁོར་སྐྱོད་ཀྱི་མ་གནས་ཀྱང་ཆེ་རུ་འགྲོ་གི་ཡོད”སྐྱེ་འཚར་བཟང་བའི་རྩྭ་ཡིས་དེ་སྔ་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་ཀུང་སིའི་ཧའེ་ནན་ཡན་ལག་ཀུང་སིའི་ཞིབ་བཤེར་བཟོ་པ་ལིའུ་གོ་ཏུང་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད།

    རྗེས་སུ། མི་ཁག་གཅིག་ལ་ལུག་དེ་གར་འཚོ་རྒྱུའི་ཐབས་ཤེས་ཡག་པོ་ཞིག་རྙེད་ཡོད། འབྲོག་པ་ཚོ་མ་གཞི་ནས་དེ་གར་གླ་པ་རྒྱུག་གི་ཡོད་པས་ཕྱུགས་འཚོས་ན་གཟན་ཆག་གི་མ་གནས་ཉུང་དུ་གཏོང་ཐུབ་པ་མ་ཟད། ལུག་རྒྱགས་གསོ་བྱས་ནས་བཤས་བཏང་རྗེས་ཡོང་འབབ་ཀྱང་མང་དུ་འགྲོ་ཐུབ། གླིང་གི་ངོས་ནས་བཤད་ན། རྩྭ་རིང་པོ་སྐྱེ་རྒྱུ་སྔོན་འགོག་ཐུབ་པ་མ་ཟད་ད་དུང་མིར་གླ་ཆ་འཐོལ་པ་ཡང་སྤྲོད་མི་དགོས་པར། གཅིག་གོ་གཉིས་ཆོད་རེད།

    སྐབས་དེ་དུས་ལུག་600དེ་གར་འཚོ་གི་ཡོད། ལུག་གིས་རྩྭ་ཟ་བར་སྟབས་བདེ་སྐྲུན་ཆེད། ལས་དོན་མི་སྣས་འོད་ཤུགས་ལྷུ་ཚིགས་ཀྱི་བར་གསེང་དེ་སྔའི་སྨི་0.5ནས་སྨི་1.2བར་མཐོ་རུ་བཏང་བ་མ་ཟད། ད་དུང་འོད་ལེབ་དབར་གྱི་བར་ཐག་ཀྱང་རིང་དུ་བཏང་ཡོད། “ལུག་གི་རིལ་མས་ལུད་ཡོང་གི་ཡོད་པས་རྩྭ་སྐྱེ་འཚར་དེ་བས་བཟང་བ་དང་ལུག་ཀྱང་ཤ་ཤེད་ལེགས་པར་གྱུར། ང་ཚོས“ལུག་དེ་དག་ལ་འོད་ཤུགས་ལུག་ཟེར་གྱི་ཡོད་པ་དང་ཤ་རྒྱ་མ་རེར་སྒོར་5ཡིས་མཐོ་བ་ཡོད་ཀྱང་ད་དུང་མཁོ་སྤྲོད་འདང་གི་མེད”“སྐྱེ་ཁམས་བཟང་དུ་སོང་བས་རི་སྐྱེས་བྱ་རིགས་དང་། རི་བོང་། ཝ་མོ་སོགས་མང་པོ་མཐོང་རྒྱུ་ཡོད”ཅེས་འབྲོག་པ་ཡེ་རྡོར་གྱིས་གད་མོ་འཚེར་འཚེར་ངང་བརྗོད།

    ད་ཆ་མཚོ་ལྷོ་ཀྲོའུ་ཡིས་འོད་ཤུགས་གློག་གཏོང་གླིང་དུ་འོད་ཤུགས་སྐྱེ་ཁམས་འབྲོག་ར་10བསྐྲུན་པ་དང་། ལུག་མགོ་གྲངས་ཁྲི་8ཙམ་གསོ་ཚགས་བྱས་པ། ལོར་ཆ་སྙོམས་འབབ་འཕར་སྒོར་ཁྲི་6000ལྷག་ཙམ་ཟིན་ནས“འོད་ཤུགས་ཐོན་ལས+སྐྱེ་ཁམས་སྲུང་སྐྱོང+སྐྱེ་ཁམས་ཞིང་འབྲོག་ལས”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཏེ། འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་གི་ཕན་འབྲས་ནུས་ལྡན་ངང་མཐོ་རུ་ཕྱིན་པ་དང་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་ལྷོ་ཀྲོའུ་ཡིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུར་དམིགས་ཏེ་བློ་རིག་སྐྱེ་ཁམས་འབྲོག་ལས་ཀྱི་གྲངས་གཞི་ཆེ་མོའི་དོ་དམ་ལས་སྟེགས་བཏོད་ནས། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཁུངས་འདེད་དང་། སྐྱེ་ལྡན་བདེན་དཔང་ར་སྤྲོད། ལྗང་མདོག་ལས་སྣོན་སོགས་ཀྱི་ལག་རྩལ་གཅིག་སྡུད་དཔེ་སྟོན་ལ་རྒྱབ་སྐྱོར་བྱས་ཏེ། སྐྱེ་ཁམས་ཞིང་འབྲོག་ལས་ཀྱི་སྦྲེལ་ཐག་འཛུགས་པ་དང་། སྦྲེལ་ཐག་སྣུར་སྲིང་། སྦྲེལ་ཐག་གསབ་པ། སྦྲེལ་ཐག་བརྟན་གཏོང་བཅས་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ཀྲོའུ་དེ་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད་63%ཟིན་པ་དང་། ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་70ལྷག་ཙམ་ཟིན་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་ཐང་གཞན་སྒྱུར་བྱེད་སྟངས་གསར་པ་རགས་ཙམ་ཆགས་ཡོད་པ་རེད།

    འཕེལ་རྒྱས་གཏོང་རིང་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་བཏང་བ།

    མཚོ་ལྷོ་ཀྲོའུ་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ་གྱི་རྨ་ཆུའི་འགྲམ་དུ་ལུས་རྩལ་པ་200ལྷག་ཙམ་གྱིས་རྨ་ཆུ་བརྒལ་ཞིང་། ཆུ་ངོགས་སུ་ཤུགས་རྒྱོབ་ཅེས་འབོད་མཁན་གྱི་ཡུལ་སྐོར་བ་དང་ས་གནས་དེ་གའི་གྲོང་མིས་ཁེངས་ཡོད། འདི་ནི་རྒྱལ་སྤྱིའི་རྨ་ཆུ་སྒྲོལ་བའི་མཐར་ཟད་འགྲན་སློང་འགྲན་བསྡུར་ཚ་རྔ་འགག་བབས་ཚུགས་ཀྱི་འགྲན་བསྡུར་བྱ་ཡུལ་ཞིག་རེད། ཚལ་རྔ་གྲོང་གསར་གྱི་གྲོང་མི་དབྱང་མོང་ཧྥེ་ཡིས་སྟོད་གོས་དམར་པོ་གྱོན་ནས་མི་ཚོགས་ཁྲོད་སྒྲིག་ལམ་སྲུང་སྐྱོང་བྱས་པ་དེ་ནི་དང་བླངས་པ་ཡིན་པའི་ཁོང་འགྲན་སློང་འགྲན་བསྡུར་ནང་ཞུགས་ཐེངས་གསུམ་པ་རེད།

    ལོ་འགའི་སྔོན་དུ་ཁོང་ནི་ཉ་པ་ཞིག་ཡིན། 2018ལོར་ཚལ་རྔ་གྲོང་གསར་དེ་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ཏུ་བདམས་པ་དང་སྦྲགས་ཁོང་གིས་མ་དངུལ་སྒོར་ཁྲི་30ལྷག་ཙམ་བཏང་ནས་རང་ཁྱིམ་གྱི་ཐོག་བརྩེགས་གཉིས་པའི་ཁང་པ་ཇུས་འགོད་དང་མཛེས་བཟོ་བྱས་ཏེ་ཁྱིམ་ཚང་མགྲོན་ཁང་གཉེར་བ་རེད།

    ད་ཕན་ལོ་ཤས་རིང་། མཚོ་ལྷོ་ཀྲོའུ་ཡིས་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས། སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཞིང་འབྲོག་པ་མང་པོ་ཞིག་ཡུལ་སྐོར་ཞབས་ཞུའི་ལས་རིགས་ནང་ཞུགས་པས། རྩྭ་ཐང་དང་ས་ཞིང་ལ་བརྟེན་ཚད་ཉུང་དུ་ཕྱིན་པ་མ་ཟད། འབབ་འཕར་ཕྱུག་འགྱུར་ཡང་བྱུང་ཡོད། 2022ལོར་ཀྲོའུ་དེ་ཡོངས་ཀྱིས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་599ལ་སྣེ་ལེན་ཞུས་པས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་22ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།