དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཅིག་སྡུད་བསྙེན་བཀུར་དེ་བས་བློ་བདེ་ཡོང་བར་བྱས། སྤྱི་ཚོགས་ལས་དོན་ཞབས་འདེགས་ཁྱིམ་གྱི་སྒོ་རྩར་ཞུས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཞུས་ཡུས་ཡའོ།   |     སྤེལ་དུས།  2023-08-13

    བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ། ད་ལོ་ལོ་96ལ་སླེབས་པའི་རྒན་མོ་འབྲུག་སྐྱིད་ཀྱི་ལག་ཏུ་འཁར་རྒྱུག་འཁྱེར་རུང་འགྲོ་དུས་གོམ་པ་ཁྱར་ཁྱོར་ཞིག་ལས་སྤོ་ཐུབ་ཀྱི་མེད། ཁོང་གིས་གསར་འགོད་པའི་ལག་ནས་འཇུས་ཏེ་ཁྱིམ་གྱི་འཚོ་བའི་སྐོར་གླེང་པ་དང་དུས་ཡུན་རིང་པོ་འདས་ཟིན་པས་ཁོང་གི་མི་ཚེའི་དྲན་འཆར་མང་པོ་རབ་རིབ་ཏུ་གྱུར་མོད། འོན་ཀྱང་མིག་སྔའི་འཚོ་བར་བཅངས་པའི་མྱོང་ཚོར་ད་དུང་གསལ་པོར་ངེས་ཡོད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། བོད་ཀྱིས་དམངས་ལ་ཞབས་འདེགས་ཞུ་བར་ཤུགས་སྣོན་བརྒྱབ་སྟེ་གཞི་རྩའི་དམངས་འཚོར་འགན་ལེན་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་བྱ་ཐབས་དངོས་བཏོན་པ་དང་ཕན་འབྲས་དངོས་ཐོན་ཡོད། “རྒན་གཅིག་གཞོན་གཅིག”གི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་མཉམ་སྒྲུབ། སྤྱི་ཚོགས་མཉམ་དུ་ཞུགས་པ་བཅས་ཀྱི་འཚམས་འདྲི་དང་གཅེས་སྐྱོང་ཞབས་འདེགས་ལམ་སྲོལ་བཙུགས་ནས་ལོ་60ཡན་ལ་སླེབས་པ་དང་། བུ་ཕྲུག་མེད་པ། ཡོང་འབབ་མ་མཐའི་འཚོ་བ་འགན་ལེན་གྱི་ཆུ་ཚད་ལས་དམའ་བ་བཅས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཟླ་རེར་འཚམས་འདྲི་བྱེད་ཚད་100%ཟིན་ནས་རྒན་གསོའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད།

    གསར་འགོད་པས་བོད་ལྗོངས་ནག་ཆུ་ནས་འབྲུག་སྐྱིད་དང་འདྲ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྲངས་ལས་འདས་པའི་འཚོ་བ་ལེགས་སུ་ཕྱིན་པ་མཐོང་བྱུང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་གཅིག་སྡུད་བསྙེན་བཀུར་སྲིད་ཇུས་ཁྱབ་གདལ་བཏང་བ་ལས་ཕན་པ་ཐོབ་པ་ཞིག་ཡིན་པ་དང་ཁོང་ཚོའི་ཚེ་མཇུག་དེ་བས་སྐྱིད་པོ་ཡོང་བར་འགན་ལེན་ཐུབ་ཡོད།

    བུ་ཕྲུག་མེད་པར་གཅིག་སྡུད་བསྙེན་བཀུར་བྱས།

    སྤྱི་ཚོགས་ལས་དོན་ཞབས་འདེགས་སྒོ་རྩར་ཞུས།

    འབྲུག་སྐྱིད་ལ་བུ་ཕྲུག་མེད་ལ་ནང་མི་ཡང་མེད། ཁྱིམ་ཚང་གི་འཚོ་བ་དེ་ཙམ་ཡག་པོ་མེད་པའི་ཁར་ལོ་ཡང་མཐོ་བས་ལས་ཀ་བྱེད་ཐུབ་ཀྱི་མེད།

    སྙན་རོང་རྫོང་དམངས་སྲིད་ཅུས་ཀྱི་ལས་དོན་མི་སྣས་གཞི་རིམ་སྲིད་གཞུང་བརྒྱུད་ནས་ཁོང་དང་འབྲེལ་བ་བྱས་ཏེ“ཁྱེད་ཀྱི་གནས་ཚུལ་ལ་གཞིགས་ན་སྙན་རོང་རྫོང་གི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ཡོང་ཆོག”ཅེས་བརྗོད།

    འབྲུག་སྐྱིད་ཀྱིས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཟེར་བ་གང་ཡིན་ནམ་ཞེས་དྲིས་པར།

    “དེར་རྒན་གསོ་ཁང་ཞེས་བརྗོད་ཆོག རིན་པ་གང་ཡང་དགོས་ཀྱི་མེད”ཅེས་ལས་དོན་མི་སྣས་འབྲུག་སྐྱིད་ལ་བརྗོད།

    ནག་ཆུར་འབྲུག་སྐྱིད་དང་འདྲ་བའི་རྒན་རྒོན་མང་པོ་མེད་ཀྱང་ཁོང་ཚོའི་འཚོ་བར་འགན་ལེན་བྱ་རྒྱུ་ནི་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་ས་ཞིག་རེད། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དེ་དག་ལ་དམངས་སྲིད་སྡེ་ཚན་གྱིས་དམིགས་བསལ་ལྟ་རྟོག་བྱེད་པ་དང་གལ་ཏེ་གཅིག་སྡུད་བསྙེན་བཀུར་ལ་འགྲོ་འདོད་ཡོད་ཚེ། ཁོང་ཚོ་འབྲུག་སྐྱིད་དང་འདྲ་བར་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་ཆོག་པ་དང་། གལ་ཏེ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་འགྲོ་འདོད་མེད་ཚེ་སྤྱི་ཚོགས་ལས་དོན་པ་ཁྱིམ་དུ་ཡོང་ནས་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད།

    “ང་ཚོའི་ངོས་ནས་བརྗོད་ན། གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ལྟ་རྟོག་གི་ཆ་རྐྱེན་ཡག་པོ་ཡོད་མོད། འོན་ཀྱང་རྒན་རྒོན་ཁ་ཤས་ཁྱིམ་དུ་སྡོད་འདོད་བྱེད་ཀྱི་འདུག དེས་ན་ང་ཚོས་དུས་བཀག་ཐོག་སྤྱི་ཚོགས་ལས་དོན་མི་སྣ་ཁྱིམ་དུ་ཞབས་འདེགས་ཞུ་བར་གཏོང་གི་ཡོད”ཅེས་ནག་ཆུ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ཟླ་དྲུག་པའི་ཟླ་མཇུག་བར་ནག་ཆུར་རྒན་གསོ་ཁང་13ཡོད་པ་དང་། གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་1042ཡོད་པ། ཁ་ཐོར་བསྙེན་བཀུར་བྱ་ཡུལ་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་757ཡོད”ཅེས་བརྗོད།

    ཁྱིམ་དུ་བསྡད་པའི་རྒན་རྒོན་ལ་ཞབས་འདེགས་ཞུ་བ་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སྙན་རོང་གྲོང་རྡལ་སྤྱི་ཚོགས་ལས་དོན་ས་ཚིགས་ཀྱི་ལས་དོན་པ་དགའ་འཛིན་གྱི་ལས་ཀའི་གྲས་ཤིག་རེད། ཟླ་རེར་ཁོང་གིས་ཁོངས་གཏོགས་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་སྤྱི་ཚོགས་ལས་དོན་གྱི་ཞབས་འདེགས་ཞུ་བར་སྐྱོད་ཀྱི་ཡོད་ཅིང་། དེའི་ནང་ཁོང་གིས་སྟབས་བདེའི་ཁྱིམ་ལས་དང་ལྟ་རྟོག་དང་དེ་བཞིན་ཁ་བསླུས་འགོག་པའི་སྲིད་ཇུས་སྒྲོག་འགྲེལ་སོགས་བྱེད་ཀྱི་ཡོད།

    ཞུའེ་ཧྥེང་ནི་དགའ་འཛིན་གནས་སའི་སྙན་རོང་གྲོང་རྡལ་དུ་ཡོད་པའི་རྒན་རྒོན་ཞིག་རེད། ཁོང་གི་ཕྲུ་གུ་ལོ་འགའི་སྔོན་ལ་གྲོངས་པ་དང་སྙན་རོང་གྲོང་རྡལ་དམངས་སྲིད་ལས་དོན་མི་སྣས་ངོས་འཛིན་བྱས་པ་བརྒྱུད། ཞུའེ་ཧྥེང་བཟའ་ཚོ་གཉིས་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཞིག་ཏུ་གྱུར་ནས་དགའ་འཛིན་སོགས་སྤྱི་ཚོགས་ལས་མིས་དུས་བཀག་ལྟར་ཁྱིམ་དུ་སྤྱི་ཚོགས་ལས་དོན་གྱི་ཞབས་འདེགས་ཞུ་གི་ཡོད།

    ཉིན་དེར་དགའ་འཛིན་དང་ལས་རོགས་ཚོས་འབྲས་དང་སྣུམ་ཁྱེར་ནས་བགྲེས་སོང་ཞུའེ་ཧྥེང་གི་ཁྱིམ་དུ་བསྐྱོད། ཁོང་དང་ལས་རོགས་ཚོས་བགྲེས་སོང་གི་ཁྱིམ་དུ་གཙང་སྦྲ་བྱས་པ་དང་སྦྲགས་གྱོན་གོས་བཀྲུ་རོགས་བྱས།

    “ལས་ཀ་ཚར་རྗེས་ང་ཚོས་རྒན་རྒོན་དང་མཉམ་དུ་བསྡད་ནས་ཅི་འཕྲོལ་མོས་འཕྲོལ་ཤོད་ཀྱི་ཡོད། རྒན་རྒོན་སྐྱིད་པོ་བྱུང་བ་མཐོང་སྐབས་ང་རང་གི་ལས་ཀར་གྲུབ་འབྲས་ཐོབ་པའི་སྣང་བ་ཞིག་ཡོང་གི་འདུག”ཅེས་དགའ་འཛིན་གྱིས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་གྱི་ཁ་ཐོར་བསྙེན་བཀུར་གྱི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར་14461ནས་སྒོར་14778བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར་7740ནས་སྒོར་8010བར་མཐོ་རུ་བཏང་ཡོད།

    གང་གི་དགོས་མཁོར་བསམ་གཞིག་ལེགས་པར་བྱས།

    ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་།

    སྙན་རོང་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ནས་གསར་འགོད་པ་བགྲེས་སོང་བུ་དང་འཕྲད་པ་དང་ཁོང་ད་ལོ་ལོ་73ལ་སླེབས་ཡོད། ཁོང་ནི་ནག་ཆུ་གྲོང་ཁྱེར་གྱི་གཅིག་སྡུད་བསྙེན་བཀུར་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་རྒན་རྒོན་ཁག་དང་པོ་དེ་རེད། དེ་སྔ་ཁོང་གི་ཁྱིམ་དུ་རྩྭ་ར་དང་ནོར་ལུག་ཁ་ཤས་ཡོད་མོད། ཁོང་ལ་བུ་ཕྲུག་མེད་པ་དང་འཚོ་བ་ཧ་ཅང་སྐྱོ་པོ་ཡོད།

    “ལོ་ན་མཐོ་རུ་འགྲོ་བ་དང་བསྟུན་ནས་ནོར་ལུག་ཚང་མ་ཡུལ་མི་སྤུན་མཆེད་ལ་བཅོལ་མོད། འོན་ཀྱང་དུས་རྒྱུན་འཚོ་བའི་ཁྲོད་རང་མགོ་ཐོན་གྱི་མི་འདུག”ཅེས་བརྗོད།

    2015ལོ་ནི་ནག་ཆུ་གྲོང་ཁྱེར་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཁྱབ་གདལ་བཏང་མ་ཐག་ཡིན་པ་དང་ཤང་སྲིད་གཞུང་གིས་འབྲེལ་ཡོད་སྲིད་ཇུས་སྐོར་བརྗོད་སྐབས། “གཅིག་སྡུད་བསྙེན་བཀུར་བྱ་ཡུལ་དུ་འཚོ་བ་སྐྱོ་པོ་མེད་དམ”སྙམ་ནས་བགྲེས་སོང་བུ་ལམ་སེང་སྤོས་མེད།

    ཁོང་གིས་ཡང་བསྐྱར་དམངས་སྲིད་ཅུས་ཀྱི་ལས་དོན་མི་སྣར་གནས་ཚུལ་ཞིབ་ཕྲ་དྲིས། མཐར་ཁོང་གི་སེམས་ཁྲལ་ཡོངས་སུ་མེད་པར་གྱུར་ནས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་སྡོད་མཁན་རྒན་རྒོན་ཁག་དང་པོར་གྱུར།

    བསྙེན་བཀུར་ལྟེ་གནས་བཙུགས་མ་ཐག་ཡིན་པས་ལམ་སྲོལ་མང་པོ་ཞིག་འཚོལ་ཞིབ་བྱེད་དགོས་ཀྱི་ཡོད། སྨན་པ་བསྟེན་པ་དང་། ལྟོ་ཆས་ཟ་བ། རྒན་རྒོན་གྱི་བྱེད་སྒོ་སྒྲིག་འཛུགས་བཅས་ལས་ཀ་དེ་དག་དམངས་སྲིད་ལས་དོན་པའི་ངོས་ནས་བརྗོད་ན་དེ་འདྲ་བྱང་ཆུབ་པོ་མེད། འོན་ཀྱང་བུ་ཕྲུག་མེད་པའི་ཁོང་ལ་ལྟ་རྟོག་དེ་འདྲ་བྱེད་མཁན་བྱུང་མྱོང་མེད་པས་ལས་ཀ་དེ་དག་ཁྲོད་ནས་ཁོང་གིས་ཁོང་ཚོའི་ལྷག་བསམ་རྣམ་དག་གི་བསམ་པ་གང་ལེགས་ཚོར་ཡོད། གཅིག་སྡུད་བསྙེན་བཀུར་ལྟེ་གནས་བཙུགས་ནས་ཡུན་རིང་སོང་བ་དང་ཆབས་ཅིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་འགོ་ཚུགས་པས་ཁོང་གི་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་ཡོད།

    སྙན་རོང་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཚེ་དབང་ལྷ་མོས“ང་ཚོའི་ལས་ཀ་གལ་ཆེ་ཤོས་ནི་རྒན་རྒོན་ཚོའི་དགོས་མཁོར་བསམ་གཞིག་བྱ་རྒྱུ་དེ་ཡིན་ཏེ། དཔེར་ན། རྒན་རྒོན་ཚོ་འཚོ་བ་ཧ་ཧུ་སྐྱེལ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ང་ཚོ་སྙན་རོང་རྫོང་གིས་རྟ་རྒྱུག་དུས་ཆེན་གཏོང་རིམ་བཞིན་ལས་དོན་མི་སྣ་ཚང་མས་ཆུ་ཚོད་5པ་ནས་ལངས་ཏེ་བྱེད་སྒོ་སྤེལ་ཡུལ་དུ་རྒན་རྒོན་ཚོར་ལྟད་མོ་ལྟ་སའི་གུར་བརྒྱབ་རྗེས་ཁོང་ཚོ་བསུ་བར་སྐྱོད་ཀྱི་ཡོད”ཅེས་བཤད་པ་དང་ཁོང་2015ལོ་ནས་ཟུང་འབྲེལ་ཡོད་ལས་དོན་ནང་ཞུགས་ཡོད། “ལྷག་བསམ་རྣམ་དག་བྱས་ཚེ་བརྩེ་བ་ཟབ་མོ་ཐོབ་སྲིད། མ་གཞི་རྒན་རྒོན་ཚོའི་ཤེས་ཚོར་ཉམས་ཡོད་མོད། འོན་ཀྱང་ང་ཚོས་སེམས་ཁུར་བྱས་པ་ཁོང་ཚོས་གསལ་པོ་རྟོགས་ཐུབ་པས་ང་ཚོས་སེམས་ནུས་ཡོད་རྒུ་བཏོན་པ་ཁོང་ཚོས་གསལ་པོ་ཚོར་ཐུབ”ཅེས་བརྗོད།

    རྩལ་ནུས་གསོ་སྦྱོང་རྒྱུན་དུ་བྱས།

    ལྟ་རྟོག་བྱང་ཚད་ཇེ་ཆེར་བཏང་།

    དང་ཐོག་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་བསྙེན་བཀུར་བྱ་རྒྱུ་ཁྱབ་གདལ་གཏོང་སྐབས། ཚེ་དབང་ལྷ་མོ་ལའང་དཀའ་ངལ་མང་པོ་འཕྲད་ཡོད། མང་ཚོགས་མི་ཉུང་བ་ཞིག་གིས་རྒྱུས་མངའ་མེད་པའི་མིས་ལྟ་རྟོག་བྱེད་ཐུབ་ཨེ་ཡོང་ཞེས་བཤད་ནས་བསམ་ཤེས་གཏན་ནས་བྱེད་ཀྱི་མེད།

    སེམས་ཁྲལ་དེ་དག་རྒྱུ་མཚན་མེད་པ་ཞིག་མ་ཡིན། དེ་སྔ་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ལྟ་རྟོག་བྱེད་པར་ཆེད་མངགས་འགྲོ་གྲོན་གཏོང་མཁན་མེད་པ་དང་ཆེད་ལས་ཀྱི་ལྟ་རྟོག་བྱེད་མཁན་ཡང་མེད་པར་གཞི་རིམ་ལས་བྱེད་པས་རྒན་རྒོན་ལ་ལྟ་རྟོག་གཅིག་ལྕོགས་བྱེད་ཀྱི་ཡོད། “ལྟ་རྟོག་བྱེད་མཁན་མི་སྣའི་ཆེད་ལས་རང་བཞིན་ཆེ་རུ་ཏན་ཏིག་བཏང་ནས་མི་སེར་ཚོས་དེ་བས་ཆེད་ལས་ལྡན་པའི་ལྟ་རྟོག་མྱོང་ཚོར་ཐུབ་པ་བྱ་རྒྱུ་དེ་ནི་ང་ཚོས་ལས་དོན་དེ་ཡག་པོ་བསྒྲུབ་པའི་བླང་བྱ་གལ་ཆེན་ཞིག་རེད”ཅེས་ཚེ་དབང་ལྷ་མོས་བརྗོད།

    རྣམ་རྒྱལ་དཔལ་འབྱོར་ནི་སྙན་རོང་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་སྨན་གཡོག་རེད། སྨན་གཡོག་ཆེད་ལས་ཐོན་པའི་སློབ་མ་ཞིག་གི་ངོས་ནས་ཁོང་གིས་དེ་གར་རྒན་རྒོན་ལ་ལྟ་རྟོག་བྱས་ནས་ལོ་3ཕྱིན་ཡོད།

    “འདི་གར་རྒན་རྒོན་མི་ཉུང་བ་ཞིག་ལ་གཅོང་ནད་ཡོག་རེད། ང་ཚོའི་འགན་འཁྲི་ནི་གཞི་རིམ་གྱི་འཕྲོད་བསྟེན་ལྟ་སྲུང་བ་ཡག་པོ་བྱས་ནས་རྒན་རྒོན་ཚོ་བདེ་ཐང་ཡོང་བ་བྱ་རྒྱུ་དེ་རེད”ཅེས་བརྗོད།

    རྣམ་རྒྱལ་དཔལ་འབྱོར་དང་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ཚོ་ཧ་ཅང་འདྲིས་པོ་ཡོད་ལ་ཁོང་གིས་རྒན་རྒོན་ཚོའི་གཟུགས་པོའི་གནས་ཚུལ་ལའང་རྒྱུས་མངའ་ཆེན་པོ་ཡོད། ཁག་གཅིག་ལ་གཅོང་ནད་ཕོག་སྐབས་རྣམ་རྒྱལ་དཔལ་འབྱོར་གྱིས་ཁོང་ཚོར་དུས་ཐོག་ཏུ་སྨན་ཟ་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་ལ། ཁག་གཅིག་གི་གཟུགས་པོའི་ཚད་གཞི་ཏག་ཏག་བསྡད་མེད་པ་ཤེས་སྐབས་ཁོང་གིས་ཁོང་ཚོར་བཟའ་བཏུང་སོགས་འཚོ་བའི་ཁྲོད་ཀྱི་དོ་སྣང་བྱེད་དགོས་པ་སྣ་ཚོགས་དྲན་སྐུལ་བྱེད་ཀྱི་ཡོད།

    ལས་ཀ་ཙག་ཙིག་དེ་དག་ལ་རྣམ་རྒྱལ་དཔལ་འབྱོར་གྱིས་བསམ་པ་རྣམ་དག་བྱེད་ཀྱི་ཡོད། ཁོང་ལས་ཀར་ཞུགས་མ་ཐག་པའི་སྐབས་སུ“ང་ནི་སྨན་པ་ཞིག་ཡིན་པས་རྒན་གསོའི་ལས་ཀ་བྱེད་པར་བཏང་དོན་གང་ཡིན་ནམ”ཞེས་པ་སོགས་ཡིད་མི་རངས་པ་བྱེད་ཀྱི་ཡོད་མོད། འོན་ཀྱང་ལས་ཀ་དེ་བྱས་ནས་དུས་ཚོད་རིང་པོ་སོང་བ་དང་ཆབས་ཅིག་ཁོང་གིས་རང་ཉིད་ཀྱི་ལས་ཀར་མོས་པོ་བྱུང་ནས“ཕ་ཡུལ་གྱི་རྒན་རྒོན་དེ་དག་ལ་ཞབས་འདེགས་ཞུ་བའི་གོ་སྐབས་བྱུང་བས། ཁོང་ཚོ་ཚེ་མཇུག་བདེ་ལ་རོལ་ཐུབ་པ་བྱེད་རྒྱུ་ནི་ཆེད་ལས་རྩལ་ནུས་ལ་བརྟེན་ནས་ཕ་ཡུལ་ལ་དྲིན་ལན་འཇལ་བའི་ཐབས་ལམ་གལ་ཆེན་ཞིག་རེད”ཅེས་བརྗོད།

    རྒན་རྒོན་ཚོར་ཆེད་ལས་ཞབས་འདེགས་ཞུ་རྒྱུ་ནི་དགའ་འཛིན་གྱི་ལས་ཀའི་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་རེད། ལས་ཀ་དེར་ཞུགས་མ་ཐག་ཁོང་གིས“ང་ནི་རྒན་རྒོན་ཚོར་ཞབས་འདེགས་ཞུ་བར་ཡོང་བ་ཡིན”ཞེས་བརྗོད་ཀྱི་ཡོད། ཡིན་ནའང་། ལས་ཀའི་ནང་ཁོང་ལ་དཀའ་ངལ་ཅུང་ཟད་འཕྲད་ཡོད། ཁོང་གིས་དྲན་གསལ་ལ་ཁོང་བགྲེས་སོང་ཞིག་གི་ཁྱིམ་དུ་བསྐྱོད་དེ་ཡོང་དོན་ཐེངས་མང་བཤད་ཀྱང་བགྲེས་སོང་དེས་གསལ་པོ་གོ་མེད། ཁོང་གིས་ལྟ་ཞིབ་བྱས་པ་བརྒྱུད་བགྲེས་སོང་གི་རྣ་ཤེས་ཡག་པོ་མེད་པ་ཤེས། དེ་རྗེས་བགྲེས་སོང་གི་རྣ་འགྲམ་དུ་ཐེངས་ཁ་ཤས་བཤད་རྗེས་བགྲེས་སོང་གིས་གཞི་ནས་ཁོང་ཡོང་དོན་རྟོགས་ཐུབ་ཡོད།

    དེ་ཐོག་ནས་དགའ་འཛིན་གྱིས་རྒན་གསོའི་ལས་དོན་དེ་སྤྲོ་སེམས་ཁོ་ནར་བརྟེན་པ་ཙམ་གྱིས་མི་འགྲིག་པའི་ངོས་འཛིན་ཐུབ་ཡོད། ལས་ཀའི་ཞོར་དུ་ཁོང་གིས་རྒྱུན་དུ་འབྲེལ་ཡོད་དཔེ་དེབ་ལྟ་ཀློག་བྱེད་པ་དང་རྒན་རྒོན་དང་འབྲེལ་འདྲིས་ཇི་ལྟར་བྱེད་དགོས་མིན་སློབ་སྦྱོང་བྱེད་ཀྱི་ཡོད། ལྟ་རྟོག་ཟིན་ནས་ལོག་རིམ་བཞིན་ཁོང་གིས་རྒན་རྒོན་དང་སྤེལ་རེས་བྱེད་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཏེ། རྗེས་མ་ལྟ་རྟོག་བྱེད་སྐབས་རྒན་རྒོན་ཚོར་མྱོང་ཚོར་དེ་བས་ཟབ་པ་ཡོང་རེ་བྱེད་ཀྱི་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་ལྟ་རྟོག་རྣམ་པའི་རྒན་གསོའི་ཉལ་ཁྲི་མང་དུ་གཏོང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད། གཞན་ཡང་ནག་ཆུ་གྲོང་ཁྱེར་དམངས་སྲིད་སྡེ་ཚན་གྱིས་ད་དུང་ནག་ཆུ་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་དོན་པ་ཆེད་ལས་སློབ་གྲྭར་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུའི་མངགས་བཅོལ་བྱས་པ་དང་སྤྱི་ཚོགས་ལས་དོན་པར་ལྟ་རྟོག་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ནས་ལྟ་རྟོག་གི་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་མཐོ་རུ་ཏན་ཏིག་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།