དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་གྲོང་ནང་གྲོང་ཚོ་སྒྱུར་བཀོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-13

     འདི་ནི་ཉེ་ཆར་མཁའ་ཐོག་ནས་པར་བླངས་པའི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཤིས་ཧུའུ་ཆུས་དབྱི་ཁྲོང་གྲོང་རྡལ་གྱི་ཤང་ཧྲན་སྒྱུ་རྩལ་ཀུང་ཧྲེའི་མཛེས་ལྗོངས་ཡིན་ཞིང་། དེ་ནི་ཀྲེ་ཅང་ཞིང་ཆེན་གྱི་གྲོང་ནང་གྲོང་ཚོ་ནས་རིག་གནས་བསམ་བཀོད་ཀྱི་སྒྱུ་རྩལ་ཁྲོམ་གཞུང་དུ་སྒྱུར་བཀོད་བྱས་པའི་གྲོང་རྡལ་ཡིན་པ།

    ཀྲུང་གོས་དཔལ་འབྱོར་དར་རྒྱས་གཏོང་བའི་བྱེད་ཐབས་གསར་ཤོས་ཁྲོད་དུ་གྲོང་ཁྱེར་ཆེན་པོའི་ནང་གི་གྲོང་ཚོར་སྒྱུར་བཀོད་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། ཉེ་ཆར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་འདུའི་ཐོག་སྲིད་གཞུང་གིས་གྲོང་ནང་གྲོང་ཚོ་སྒྱུར་བཀོད་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་ཁྲོད་ཀྱི་མ་རྩ་དེའི་ནང་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    ཀྲུང་གོའི་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། 2022ལོར་མི་འབོར་གསུམ་ཆ་གཉིས་ཙམ་གྲོང་ཁྱེར་དུ་འཚོ་བ་སྐྱེལ་གྱི་ཡོད་པ་དེ་ནི་ལོ་20ཡི་གོང་གི་ལྡབ་གཉིས་ཙམ་རེད། གྲོང་ཁྱེར་ཅན་མགྱོགས་མྱུར་འགྱུར་བཞིན་ཡོད་པས་གྲོང་གསེབ་ཀྱི་ས་ཞིང་གི་མཐའ་འཁོར་དུ་ཐོག་བརྩེགས་ཅན་གྱི་ཁང་པས་བསྐོར་ཡོད། པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན་སོགས་ཀྲུང་གོའི་གྲོང་ཁྱེར་ཆེན་པོའི་ནང་གྲོང་ནང་གྲོང་ཚོ་འབོར་ཆེན་ཡོད། ལོ་མང་རིང་ཧྲང་ཧའེ་ཡིས་ཐོག་མཐའ་བར་གསུམ་དུ་མི་འབོར་མང་བའི་གྲོང་མིའི་ཁུལ་སྒྱུར་བཀོད་བྱས་ཏེ། སྡོད་ཁང་དང་ཚོང་ལས་ཕྱོགས་བསྡུས་ཁྲོམ་ར་བསྐྲུན་པར་བར་མཐོངས་འཇོག་ཐབས་བྱས་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་ཡོད།

    ཀྲུང་གོ་སྲིད་གཞུང་གིས་2021ལོ་ནས་2025ལོའི་བར་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་ཁྲི་21.9ཙམ་སྒྱུར་བཀོད་བྱེད་རྒྱུའི་འཆར་གཞི་བཏོན་ཡོད། ཀྲུང་གོའི་སྡོད་ཁང་འཛུགས་སྐྲུན་པུས་དེ་གོང་སྒྱུར་བཀོད་རྣམ་གྲངས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་དེ་ནི་སྡེ་ཁུལ་རྙིང་པ་ཁག་གཅིག་གི་སྤྱི་ཤག་ལ་གློག་སྐས་སྒྲིག་སྦྱོར་བྱེད་རྒྱུ་དེ་རེད།

    —— ཕེང་པོ་གསར་འགྱུར་ཁང་གི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།