དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་སྲོལ་རྒྱུན་ཁང་པའི་སྐར་ཁུང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-13


    པར་འདི་གཉིས་ནི་ཆིང་རྒྱལ་རབས་སྐབས་སུ་བསྐྲུན་པའི་སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་ཧོ་ཅང་རྫོང་ཀྲོན་ལུང་པཱ་ཚའེ་ཧོ་སྐྱེད་ཚལ་ནང་གི་ཀྲུང་གོའི་སྲོལ་རྒྱུན་ཁང་པའི་སྐར་ཁུང་ཡིན་པ།

    སྐར་ཁུང་ནི་ཀྲུང་གོའི་ལྷོ་ཕྱོགས་ས་ཁུལ་གྱི་སྲོལ་རྒྱུན་སྡོད་ཁང་གི་དཔེ་མཚོན་གྱི་འཛུགས་སྐྲུན་ཁྱད་ཆོས་ཤིག་ཡིན། ཀྲུང་གོའི་བྱང་ཕྱོགས་ཀྱི་སྒོ་ར་དང་མི་འདྲ་བར། སྐར་ཁུང་སྤྱིར་ན་ཆུང་བའི་ཁར་མངོན་གསལ་དོད་པོ་མེད། ཀྲུང་གོའི་མཁས་དབང་གིས་ཞིབ་འཇུག་བྱས་པ་ལྟར་ན། ནི་མིང་ཆིང་དུས་སྐབས་ཀྱི་ཁང་པའི་སྐར་ཁུང་མང་པོ་མཐོང་རྒྱུ་ཡོད་པ་རེད།

    དྲོད་སྙོམས་འཕྲུལ་ཆས་མ་ཐོན་གོང་། སྐར་ཁུང་གིས་ཁང་པའི་ནང་གི་དྲོད་ཚད་དམའ་རུ་གཏོང་ཐུབ་ཀྱི་ཡོད། རླུང་བསིལ་བུ་སྐར་ཁུང་བརྒྱུད་ཁང་པའི་ནང་གི་གྱང་ངོས་ནས་རིམ་བཞིན་མཐིལ་དུ་རྒྱུ་བ་དང་། ཁང་པའི་ནང་གི་ཚ་བ་སྐར་ཁུང་བརྒྱུད་ཕྱིར་འབུད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཐོན་ཁུངས་གྲོན་ཆུང་དང་སྦགས་བཙོག་ཉུང་གཏོང་གི་ལྗང་མདོག་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། གསར་དུ་ཇུས་འགོད་བྱས་པའི་བཟོ་སྐྲུན་ལ་ནུས་རྒྱུ་གྲོན་ཆུང་བྱ་ཆེད། བཟོ་སྐྲུན་མཁན་རྣམས་ཀྱིས་སྐར་ཁུང་གི་རྩ་བའི་རིགས་པར་ཞིབ་འཇུག་བྱེད་འགོ་ཚུགས་ཡོད། དེའི་ཁྲོད་ཀྱི་དཔེ་མཚོན་གཅིག་ནི་ཧྲན་ཏུང་ཞིང་ཆེན་ཅིས་ནན་གྲོང་ཁྱེར་དུ་གནས་པའི་རྒྱལ་ཁབ་ཀྱི་ལྕི་བའི་རླངས་འཁོར་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཡིན་ཞིང་། དེའི་ཤེལ་གྱང་གི་སྐྲུན་དངོས་ཆེན་པོའི་དཀྱིལ་ལ་སྐར་ཁུང་ཆེན་པོ་ཞིག་ཡོད། བཟོ་སྐྲུན་མཁན་གྱིས། གློག་སྐས་དང་། གསང་སྤྱོད། ཚོགས་ཁང་བཅས་ཚང་མ་སྐར་ཁུང་གི་མཐའ་འཁོར་དུ་བཟོས་ཡོད་པའི་སྐར་ཁུང་དེས་ཁང་པའི་དཀར་ཆ་ཡག་པོ་དང་རླུང་འགྲོ་རྒྱུག་པར་ཕན་ཐོགས་ཡོད་པ་མ་ཟད། སྤྱིའི་ནུས་རྒྱུ་ཟད་གྲོན་ཆུང་དུ་འགྲོ་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བཤད་པ་རེད།

    ཧོ་ལན་ལའེ་ཏུན་སློབ་ཆེན་གྱི་ས་ཁོངས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝང་ཀྲེང་ཧྥུང་གིས། སྐར་ཁུང་ལྟ་བུའི་གནའ་བོའི“ལྗང་མདོག་ཤེས་རིག”གིས་དེང་སྐབས་ཀྱི་བཟོ་སྐྲུན་དེ་གནམ་གཤིས་དང་འཚམ་མཐུན་ཡོང་བའི་ཇུས་འགོད་དང་རང་བཞིན་གྱིས་བསིལ་པོ་ཡོང་བའི་ལག་རྩལ་གསར་གཏོད་བྱ་རྒྱུར་མུ་མཐུད་བློ་སྒོ་ཕྱེ་ཡོད་ཅེས་བརྗོད་པ་རེད།

    —— དབྱིན་ཇིའི་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།