དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་སའི་བར་སྐོར་དུ་སྐྱོད།

    ལོ་རྒྱུས་རྗེས་དྲན་གྱིས་འཚོ་བར་མྱོང་རོལ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-13

    2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་བར་སྐོར་དུ་བསྟན་འཛིན་སྒྲོལ་མའི་ཁྱིམ་གྱི་འདོད་འཇོ་ཚང་བོད་ཆས་ཚོང་ཁང་དུ་ཕེབས་པ་རེད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཞིང་དུལ་བ་དང་ཁོང་གིས་བོད་ཆས་ལའང་ཧ་ཅང་མཉེས་པོ་གནང་གི་འདུག ཁོང་གིས་ང་ལ་བོད་ཆས་གྱོན་སྟངས་དང་། རས་ཆ། གསར་གཏོད་སོགས་ཐད་ཀྱི་གནད་དོན་མང་པོ་བཀའ་འདྲི་གནང་བྱུང”ཞེས་བསྟན་འཛིན་སྒྲོལ་མས་སྐྱེས་པའི་བོད་ཆས་སྐྱ་མདོག་ཅིག་ལ་མཛུབ་མོ་བཙུགས་ནས“སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཆས་དེར་ཞིབ་པར་གཟིགས་པ་མ་ཟད། དེར་ཕྱག་འཆང་ནས་སྤུས་ཀ་ཧ་ཅང་དག་པོ་འདུག་ཅེས་གསུང་གི་འདུག”ཅེས་བཤད།

    “སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་ནས་བཟུང་། ཚོང་ཁང་ནང་ཡུལ་སྐོར་བ་མང་དུ་ཕྱིན་ནས་མི་མང་པོ་ཞིག་གིས་བོད་ཆས་ཉོ་ཡི་འདུག ཟླ་རེར་ཡོང་འབབ་སྒོར་ཁྲི་ཙམ་ཡོང་གི་འདུག”ཅེས་དགུང་ཁའི་དགུང་གསེང་དང་དབྱར་གསེང་འཆར་རིམ་བཞིན་བསྟན་འཛིན་སྒྲོལ་མས་ཚོང་ཁང་དུ་རོགས་པ་བྱེད་ཀྱི་ཡོད། “འཛིན་གྲྭའི་ནང་གི་སློབ་གྲོགས་ཚོས་ཀྱང་ང་ལ་བོད་རིགས་ཀྱི་རྒྱན་གོས་དང་། བོད་རིགས་ཀྱི་ལོ་རྒྱུས། རིག་གནས་བཅས་ཀྱི་ཐད་སྐད་ཆ་འདྲི་གི་འདུག ངས་རང་ནུས་ཡོད་རྒུས་ཚང་མར་ངོ་སྤྲོད་བྱེད་ཀྱི་ཡོད”ཅེས་བཤད།

    བསྟན་འཛིན་སྒྲོལ་མས། ཉེ་བའི་ལོ་གཉིས་ནང་རས་ཆ་དང་བཟོ་ལྟ་སོགས་ཀྱི་ཐད་ལེགས་བཅོས་དང་གསར་གཏོད་བྱས་ཡོད། དཔེར་ན། དབྱར་དུས་སུ་ཡང་ལ་སྲབ་པའི་རས་ཆ་སྤྱད་དེ་བོད་ཆས་བཟོ་གི་ཡོད། གོང་བའང་བཟོ་ལྟ་སྣ་ཚོགས་བཟོས་ནས་ན་གཞོན་ཚོའི་མཛེས་དཔྱོད་ལྟ་བ་དང་དེ་བས་མཐུན་པར་བྱས་ཡོད་ཅེས་བཤད། གསར་འགོད་པ་དེ་ནས་ཁ་འབྲལ་སྐབས་བསྟན་འཛིན་སྒྲོལ་མའི་ཨ་མས་ཡུལ་སྐོར་བ་ཞིག་ལ་བོད་ཆས་ཚད་རྒྱག་རོགས་བྱེད་བཞིན་འདུག བོད་ཆས་ཡང་ལ་སྲབ་པ་དང་མེ་ཏོག་སིབ་སིབ་བརྒྱབ་ཡོད་པས་གཙང་ལ་བསིལ་བའི་སྣང་བ་ཞིག་སྦྱིན། ཡུལ་སྐོར་བ་བློ་ཡིད་ཚིམ་པོ་བྱུང་ནས་འཕྲལ་མར་ཉོ་རྒྱུའི་ཐག་བཅད།

    ཕྱོགས་བཞིར་ཁྱབ་པའི་ཁྲོམ་གཞུང་བརྒྱུད། ཁྲོམ་གཞུང་གི་ཕྱི་ནང་དུ་མི་རིགས་ཁག་གི་མང་ཚོགས་འདུས་སྡོད་ཀྱི་སྒོ་ར་ཅན་གྱི་སྡོད་ཁང་ཆེ་མོ་བརྒྱ་གྲངས་སུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། སོག་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་20ལྷག་ཙམ་འཚོ་གནས་བྱེད་བཞིན་ཡོད།

    ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཁྲོམ་གཞུང་དེ་ཇི་ལྟར་བྱས་ནས་འདས་ཟིན་པའི་ལོ་རྒྱུས་ནས་གསོན་ཉམས་དོད་པའི་མིག་སྔའི་བར་འཕེལ་རྒྱས་བྱུང་བ་ཡིན་ནམ། དེའི་སྐོར་ལ་ཁྲེང་ཀོན་ཆུས་སྲིད་གྲོས་ཀྱི་རིམ་པ་དང་པོའི་བརྟག་ཞིབ་པ་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་དེ་སྔའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཟླ་བས“གནའ་གྲོང་དོ་དམ་ཨུ་ལྷན་གྱིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་གྲོང་མི་རྙིང་པ་ཁག་གཅིག་བར་སྐོར་ཁྲོམ་གཞུང་གི་ལོ་རྒྱུས་འགྲེལ་བཤད་རྒྱག་པར་གདན་དྲངས་པ་དང་འབྲེལ། ཡི་གེ་དང་བརྙན་ལམ་དེ་དག་བསྡུས་ནས་རྩ་གཉིས་ཨང་རྟགས་བཟོས་ཏེ་མ་འོངས་པར་ཡུལ་སྐོར་བས་རྩ་གཉིས་ཨང་རྟགས་བཤེར་ནས་གནའ་གྲོང་ཤེས་རྟོགས་བྱེད་ཆོག”ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།