ཀྲུང་ཡོའི་དུས་གཏན་མེ་འཁོར“མཉམ་འབྲེལ་མྱུར་སྐྱེལ”གྱི་ཨུ་རུ་སུའི་ཧ་ཡང་ཆེད་གཏོང་མེ་འཁོར་ཐོག་མ་ལན་ཡུན་སྒང་གྲུ་ཁར་འབྱོར་བ།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དངོས་ཟོག་དོས་སྒམ་400དང་དངོས་ཟོག་གི་ལྗིད་ཚད་ཏུན་5000ཟིན་གྱི་ཡོད། དངོས་ཟོག་དེ་དག་ཟླ་8ཚེས་11ཉིན་ལན་ཡུན་སྒང་གྲུ་ཁའི་འགག་སྒོ་ནས“མཉམ་འབྲེལ་མྱུར་སྐྱེལ”བྱས་རྗེས་མཚོ་ཐོག་ནས་ཧྲང་ཧའེ་ལ་དབོར་བའི་དུས་བཅད་དངོས་ཟོག་མཛོད་ཁང་དུ་རྩིས་སྤྲད་པ་རེད། ད་ཐེངས་ཀྱི་ཨུ་རུ་སུའི་ཧ་ཡང་དབོར་བའི་ཕྱིར་ལོག་ཆེད་གཏོང་མེ་འཁོར་གྱི་མཉམ་འབྲེལ་སྐྱེལ་འདྲེན་ལམ་ལྷོངས་བྱུང་བ་དེས། “ཀྲུང་ཡོའི་དུས་གཏན་མེ་འཁོར+”གྱི་བརྒྱུད་རིམ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ནས་ཨེ་ཤེ་ཡ་དབུས་མ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཤར་ཕྱོགས་བགྲོད་ལམ་ལམ་ཐིག་གི་སྤུས་རྟགས་བརྟན་པོ་ཞིག་ཆགས་ཡོད།
མིག་སྔར། ལན་ཡུན་སྒང་གྲུ་ཁའི་ཕྱིར་ལོག་དུས་གཏན་མེ་འཁོར་གྱི་ཟོག་ཁུངས་སུ་ཞིང་ལས་ཐོན་རྫས་དང་། གཏེར་ཁའི་ཐོན་རྫས། ལྕགས་རིགས་བཟོས་རྫས(ཞ་ཉི་དང་ཤིན) རྫས་ལུད། སྤྱིར་བཏང་གི་རྫས་འགྱུར་བཟོ་ལས་ཐོན་རྫས་སོགས་རིགས་20ལྷག་ཙམ་ཚུད་ཡོད་པས་ལན་ཡུན་སྒང་གྲུ་ཁའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ཞབས་ཞུའི་རྒྱལ་སྤྱིའི་རྒྱུན་འཁོར་གྱི་ཁྱད་ལྡན་ལས་སྟེགས་སྔར་བས་གཏོད་ཐུབ་རྒྱུ་ཡིན་པ་རེད།
འདི་ནི་2023ལོའི་ཟླ་8ཚེས་9ཉིན། ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་ཧ་ཡང་བླུགས་པའི་ཕྱིར་ལོག་ཆེད་གཏོང་མེ་འཁོར་ཅང་སུའུ་ལན་ཡུན་སྒང་གྲུ་ཁའི་ཀྲུང་ཧ་ཟོག་འགྲེམས་རྟེན་གཞིར་འབྱོར་བ།