དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སོ་ཏི་ཨ་རབ་ཀྱིས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཀྲུང་གོའི་ཡུལ་སྐོར་བའི་ཡིད་དབང་བཀུག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-12

    འདི་ནི་2021ལོའི་ཟླ་11ཚེས་5ཉིན་སོ་ཏི་ཨ་རབ་ཀྱི་གནའ་གྲོང་ཨུའོ་ལཱ་ནས་པར་བླངས་པའི་ཤེལ་སྒོའི་ཁང་པ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཡ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་སོ་ཏི་ཨ་རབ་ཀྱི་ཡུལ་སྐོར་ཅུས་ཀྱིས་གསལ་བསྒྲགས་སྤེལ་ནས་སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་ཡུལ་སྐོར་བར་སྟབས་བདེ་སྐྲུན་པའི་བྱེད་ཐབས་སྣ་ཚོགས་བཏོན་ནས་2030ལོར་སླེབས་སྐབས་ཀྲུང་གོའི་ཡུལ་སྐོར་བ་ཁྲི་400ཡི་ཡིད་དབང་བཀུག་རྒྱུའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་མ་ཟད། 2030ལོར་ཀྲུང་གོ་སོ་ཏི་ཨ་རབ་ཀྱི་འགྲུལ་ཁུངས་ཁྲོམ་ར་ཆེ་གྲས་གསུམ་པར་འགྱུར་རེ་ཡོད་ཅེས་བརྗོད།

    གསལ་བསྒྲགས་ནང་བརྗོད་དོན། སོ་ཏི་ཨ་རབ་ཀྱི་མཁའ་འགྲུལ་ཀུང་སིས་ཟླ་འདིའི་ཟླ་འགོར་ཅི་ཏ་ནས་པེ་ཅིང་དང་རི་ཡ་ཏེ་ནས་པེ་ཅིང་བར་གྱི་དུས་གཏན་གནམ་གྲུ་ཤར་གཏོང་བྱས་པ་དེ་ཐོག་ནས་སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་ཡུལ་སྐོར་ཁྲོམ་ར་གསར་སྤེལ་བྱེད་པའི་ཆོད་སེམས་མཚོན་ཡོད། ཀོང་ཀྲོའུ་དང་པེ་ཅིང་དུ་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་རྗེས། སོ་ཏི་ཨ་རབ་མཁའ་འགྲུལ་ཀུང་སིས་ད་དུང་སོ་ཏི་ཨ་རབ་ནས་ཧྲང་ཧའེ་བར་གྱི་དུས་གཏན་གནམ་གྲུ་ཤར་གཏོང་བྱ་རྒྱུ་རེད།

    སོ་ཏི་ཨ་རབ་ཡུལ་སྐོར་ཅུས་ཀྱིས་ད་དུང་འདི་ལོའི་དབྱར་ཁར་སོ་ཏི་ཨ་རབ་ཀྱི་ཡུལ་སྐོར་བྱ་ཡུལ་གཙོ་བོས་ཀྲུང་གོའི་ཡུལ་སྐོར་བའི་དགོས་མཁོ་དང་དགའ་ཕྱོགས་ལ་གཞིགས་ནས་དེ་དང་འཚམ་པའི་ཉམས་ལེན་སྤེལ་མ་བཀོད་སྒྲིག་བྱ་རྒྱུ་རེད། གསོལ་མགྲོན་ཁང་ཚོགས་པ་ཁག་གཅིག་གིས་ད་དུང“ཀྲུང་གོར་དགའ་བསུ་ཞུ”དང“ཁྱིམ་ཚང་ཡུལ་སྐོར”སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁང་གླར་གཟིགས་སྐྱོང་བྱེད་པའི་རྨང་གཞིའི་ཐོག་རིན་གོང་30%གཅོག་རྒྱུ་ཡིན་པས། ཡུལ་སྐོར་བས་སོ་ཏི་ཨ་རབ་ཀྱི་ཡུལ་སྐོར་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་འབྲེལ་ཡོད་ཞབས་ཞུ་འདྲི་རྩད་དང་སྔོན་མངགས་བྱེད་ཆོག་ཅེས་བརྗོད་ཡོད།

    སོ་ཏི་ཨ་རབ་ཀྱི་ཡུལ་སྐོར་ཅུས་ཀྱིས་ཉེ་ཆར“དབྱར་དུས་ཀྱི་ཡུལ་སྐོར་བྱེད་སྟངས་གསར་པའི”བྱེད་སྒོ་བཏོན་ཞིང་། དཔེར་ན། ཐ་དབྱི་ཧྥུར་རིའི་མཛེས་ལྗོངས་མྱོང་རོལ་དང་ཨའེ་པུའུ་ཧ་ཡི་མུའུ་ཧྥུའུ་ཐཱ་སྒྱུ་རྩལ་གྲོང་ཚོ་དང་ལི་ཅར་གནའ་གྲོང་སོགས་སུ་ཡུལ་སྐོར་བྱ་རྒྱུ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།