དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མངའ་རིས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས།

    དམངས་ཕན་གྱི་ཞབས་འདེགས་ཧུར་ཐག་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-11

    འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས་སྔ་རྗེས་སུ“ལས་ཀའི་ཉིན་མོར་དུས་བསྣར་ལས་སྒྲུབ”དང“གཟའ་སྤེན་པར་སྒོ་མི་རྒྱག་པའི”ཞབས་ཞུ་སྤེལ་ཏེ། མང་ཚོགས་ལ་དམངས་ཕན་དམངས་བདེའི་ཞབས་འདེགས་ཞུས་ནས། རྒྱ་ཆེའི་མང་ཚོགས་ཀྱི་འཁོར་རིགས་དོ་དམ་ལས་སྒོ་གཉེར་བའི་དགོས་མཁོ་དེ་བས་ཡག་པོ་བསྐངས་ཡོད།

    “ལས་ཀའི་ཉིན་མོར་དུས་བསྣར་ལས་སྒྲུབ”བྱས་ནས་ལས་སྒོ་གཉེར་སྐབས་ཐེངས་གཅིག་ལས་འགྲོ་མི་དགོས་པར་བྱས་པ། འཁོར་རིགས་དོ་དམ་གྱི་ལས་འབོར་གློ་བུར་དུ་འཕར་བ་དང་། མང་ཚོགས་སྒུག་ཡུན་རིང་བ། ཐ་ན་ཐག་རིང་ལུང་ཁུག་གི་མང་ཚོགས་དུས་ཚོད་རྐྱེན་གྱིས་ཉིན་དེར་ལས་སྒོ་གཉེར་མི་ཚར་བ་སོགས་ཀྱི་གནད་དོན་ལ་ཁ་གཏད་ཡག་པོ་གཅོག་ཆེད། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས་འཁོར་རིགས་དོ་དམ་གྱི་ལས་སྒོ་གཉེར་བའི་ལས་ཕྱོད་ཆེ་རུ་བཏང་བ་དང་ཆབས་ཅིག མི་དམངས་ཉེན་རྟོག་པས་ཁྲིམས་གཏན་འཁེལ་བའི་ལས་ཀའི་ཉིན་མོར་ཉིན་གུང་ངལ་གསོ་མི་རྒྱག་པར་མང་ཚོགས་ལ་ལས་སྒོ་གཉེར་ཏེ། མང་ཚོགས་རྣམས་དུས་ཚོད་མང་པོ་སྒུག་མི་དགོས་པ་དང་འཁོར་རིགས་དོ་དམ་ལས་སྒོ་གཉེར་སྐབས་ཐེངས་གཅིག་ལས་འགྲོ་མི་དགོས་པར་ཉིན་དེ་རང་ལ་གཉེར་ཚར་བ་བྱས་པ་རེད།

    “གཟའ་སྤེན་པར་ངལ་གསོ་མི་རྒྱག་པར”ཞབས་འདེགས་ཞུས་ནས་ལས་སྒོ་གཉེར་དཀའ་བའི་གནད་དོན་ཐག་གཅོད་བྱས་པ། ལས་བྱེད་པ་དང་མང་ཚོགས་ཁག་གཅིག་གི་གཟའ་ཟླ་བ་ནས་པ་སངས་བར་ལས་སྒོ་གཉེར་དཀའ་བའི་གནད་དོན་དངོས་ཐག་གཅོད་བྱེད་ཆེད། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས“ལས་ཀའི་ཉིན་མོར་དུས་བསྣར་ལས་སྒྲུབ”བྱས་པའི་རྨང་གཞིའི་ཐོག“གཟའ་སྤེན་པར་ངལ་གསོ་མི་རྒྱག་པར”ཞབས་འདེགས་ཞུས་ཏེ། སྔ་རྗེས་སུ་འཁོར་རིགས་དོ་དམ་གྱི་ལས་སྒོ་632གཉེར་བས། མང་ཚོགས་ལ་སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་ལས་བྱུང་བའི་སྟབས་བདེ་ཏན་ཏིག་ཚོར་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།