དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་མངགས་གཏོང་ཁང་གིས།

    འགལ་ཟླ་འདུམ་འགྲིག་ཐག་གཅོད་ཀྱི་ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-11

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་མངགས་གཏོང་ཁང་གིས་དུས་རབས་གསར་པའི་ཧྥུང་ཆའོ་ཉམས་མྱོང་གི་ནང་དོན་ཁོང་དུ་ཆུད་པར་བྱས་ནས། མི་དམངས་ཀྱི་བློ་ཡིད་ཚིམ་ཚད་དམིགས་ཡུལ་དུ་བྱེད་པ་དང་མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ། རྩོད་གཞིའི་རིགས་ཀྱི་ཉེན་ཟོན་གནས་ཚུལ་འདུམ་འགྲིག་ཐག་གཅོད་བྱེད་རྒྱུ་ནས་འགོ་བཙུགས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པར”སྐུལ་འདེད་ཏན་ཏིག་བཏང་ཡོད། ཤང་ཁྲིམས་འཛིན་སུའོ་དང་གྲོང་མིའི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་གྲོས་མོལ་དང་དབྱེ་ཞིབ་བརྡར་གཅོད་ནན་པོ་བྱས་ནས། བརྟག་ཞིབ་གང་ལེགས་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པ་བརྒྱུད། “ཉེན་ཟོན་གནས་ཚུལ་གཅིག་དང་བརྒྱུད་སྐྱེལ་གསུམ”གྱི་འགལ་ཟླ་འདུམ་འགྲིག་ཐག་གཅོད་ཀྱི་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ནས་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྩོད་གཞིའི་རིགས་ཀྱི་ཉེན་ཟོན་གནས་ཚུལ་ཐག་གཅོད་བྱེད་སྐབས་གྲ་ཕྱི་ཤང་མངགས་གཏོང་ཁང་གིས་འཕྲལ་མར་ཐག་གཅོད་བྱེད་པའི་རྨང་གཞིའི་ཐོག གྱོད་གཞིའི་གནས་ཚུལ་གྲ་ཕྱི་ཤང་ཁྲིམས་འཛིན་སུའོ་དང་གྲོང་ཚོ(གྲོང་ལྷན)འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་བརྒྱུད་སྐྱེལ་བྱས་ནས། འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་མཉམ་ཤུགས་ཆགས་པར་བྱས་པས། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་ནས་སེལ་ཐུབ་པ་བྱུང་ཡོད། ལམ་སྲོལ་དེས“ཆ་འཕྲིན་མཉམ་སྤྱོད་དང་། འགན་འཁྲི་མཉམ་འཁུར། མཉམ་དུ་ཐག་གཅོད”བཅས་ཀྱི་རྩ་དོན་ལ་གཞིགས་པར་དམིགས་ཡུལ་ནི་ཉེན་ཁ་ཚོད་འཛིན་མྱུར་པོ་ཐུབ་པ་དང་འབྱུང་རྩ་ནས་སེལ་ཐུབ་ཆེད་རེད།

    འདུམ་འགྲིག་ལས་དོན་སྤེལ་རིང་། མངགས་གཏོང་ཁང་དང་། ཁྲིམས་འཛིན་སུའོ། གྲོང་མིའི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་བཅས་ཚན་པ་3གྱིས་འདུམ་འགྲིག་གི་ལེགས་ཆ་གང་ལེགས་བཏོན་ནས་གོ་སྐོན་བློ་འགུག་དང་། ལམ་སྟོན་སྣེ་ཁྲིད། བཅའ་ཁྲིམས་ཁྱབ་གདལ་བཅས་ཀྱི་རྣམ་པའི་ཐོག་ནས། རྩོད་གཞི་སློང་མཁན་དོ་བདག་ལ་འདྲ་མཉམ་དང་གྲོས་མོལ་གྱི་རྨང་གཞིའི་ཐོག་རང་མོས་འདུམ་འགྲིག་གི་གྲོས་མཐུན་འཇོག་པར་སྐུལ་འདེད་བཏང་ཡོད།

    མིག་སྔའི་བར་ཚན་པ་3གྱིས་གྲོང་པ་ཁྱིམ་མཚེས་ཀྱི་རྩོད་གཞི་དང་། ཁྱིམ་ཚང་གི་རྩོད་གཞི། ངལ་ལས་ཀྱི་རྩོད་གཞི་སོགས་འགལ་ཟླ་9བདེ་བླག་ངང་བསལ་ནས། འདུམ་འགྲིག་ཐུབ་ཚད་100%ཟིན་པས་མི་དམངས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།