སི་ཁྲོན་རྔ་པས་གསུམ་ལྡན་ཁྱིམ་གཞིས་བསྐྲུན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡིས་སྐྱེ་ཁམས་མཛེས་སྡུག་དང་། འཆམ་མཐུན་བདེ་སྐྱིད། ཕྱུག་འགྱུར་འབྱོར་འབྲིང་བཅས་ཀྱི་གསུམ་ལྡན་ཁྱིམ་གཞིས་སྐྲུན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཡུལ་ལྗོངས་ལྟ་ན་སྡུག་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་བྱ་ཡུལ་ཁག་གཅིག་བཏོད་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་སྔར་བས་རྒྱ་ཆེར་བཏང་བ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུར་གསོན་ཤུགས་གསར་པ་བསྣན་ཡོད།
ཟླ་8ཚེས་7ཉིན་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་རྔ་པ་རྫོང་རྨེ་སྐོར་ཤང་མཚམས་ཚ་གྲོང་ཚོར་བོད་མིའི་སྡོད་ཁང་གསར་པ་ཡིས་གྲོང་གསེབ་ཀྱི་གཞུང་ལམ་དང་། སྐྱེ་ཁམས་ཐོན་ལས། རི་རབ་རི་ཚོགས་བཅས་དང་གཅིག་ལ་གཅིག་འགྲན་ལྟར་གྱུར་ནས་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་གྲུབ་ཡོད།