དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ཀྱི་པར་གཞིའི་བྱིས་པའི་ཟློས་གར《དམིགས་བསལ་གྱི་སྦྱོང་ཚན》པེ་ཅིང་དུ་འཁྲབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-11

    ཀྲུང་གོ་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གིས་དབང་ཆ་སྤྲད་པ་དང་འབྲེལ་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པར་མཛུབ་ཁྲིད་བྱས་ཏེ་གསར་རྩོམ་ནང་སྦྱོང་བྱས་པའི་བོད་ཀྱི་བྱིས་པའི་ཟློས་གར་ཐོག་མ《དམིགས་བསལ་གྱི་སྦྱོང་ཚན》ཚེས་8དང་9ཉིན་པེ་ཅིང་དུ་སྐབས་བཅུ་གཉིས་པའི་བྱིས་པའི་ཟློས་གར་དུས་ཆེན་གྱི“དུས་རབས་གསར་པའི་ཕུལ་བྱུང་བྱིས་པའི་ཟློས་གར་དྲ་ཕྱིར་འགྲེམས་འཁྲབ”ཅེས་པའི་ནང་ཞུགས་ནས་འཁྲབ་སྟོན་བྱས་པར། བོད་སྐྱོར་ལས་བྱེད་པའི་ནང་མི་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཚོས་བལྟས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བྱིས་པའི་ཟློས་གར《དམིགས་བསལ་གྱི་སྦྱོང་ཚན》ནི་དེང་རབས་ཕྲུ་གུའི་འཚོ་བར་དོ་ཁུར་བྱེད་པའི་དངོས་ཡོད་ཀྱི་ནང་དོན་མཚོན་པའི་བརྩམས་ཆོས་ཤིག་ཡིན་ཞིང་། དེའི་ནང་ཀྲུང་ཧྭའི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་དར་སྤེལ་བཏང་ནས་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་བྱེད་རོགས་བྱས་པ་ཞིག་རེད། ཟློས་གར་དེའི་ནང་གཙོ་བོ་ཁྱིམ་ཚང་ལྔ་ཡིས“དམིགས་བསལ་གྱི་སྦྱོང་ཚན་ཏེ། ཕ་མ་གཉིས་པོའི་རྐང་པ་ཐེངས་གཅིག་བཀྲུ་བ”ཞེས་པའི་རིམ་སྤེལ་གཏམ་རྒྱུད་བརྗོད་ནས། འཚོ་བའི་གོམས་གཤིས་དང་གཤིས་ཀ་མི་འདྲ་བའི་ཕ་མ་དང་ཕྲུ་གུ་ལྔ་པོའི་གཟུགས་བརྙན་བཀོད་དེ། ཕྲུ་གུ་དང་ཁྱིམ་བདག་དབར་བརྩེ་སེམས་ཟབ་མོས་སེམས་ནང་གི་སྐད་ཆ་ཤོད་པའི་རྣམ་པ་ཞིག་བསྟན་ཡོད།

    ཀྲུང་གོ་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གི་ཡོན་ཀྲང་ཧྥུང་ལི་ཡིས། ཀྲུང་གོའི་བྱིས་པའི་སྒྱུ་རྩལ་ཁང་གིས་རིན་མེད་ངང་ཟློས་གར་ཁང་གི་བྱིས་པའི་ཟློས་གར་རྩེ་གྲ《དམིགས་བསལ་གྱི་སྦྱོང་ཚན》གྱི་འཁྲབ་སྟོན་དབང་ཆ་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པར་སྤྲད་པ་དང་། ཕུལ་བྱུང་གི་བརྩམས་ཆོས་དེ་བོད་ཀྱི་གཞོན་ནུ་ལོ་ཆུང་ལ་བསྟན་ཏེ་ཕྲུ་གུ་ཚོས་དེའི་ཁྲོད་ནས་རང་ཉིད་ཀྱི་ཕ་མ་དང་སེམས་ནང་གི་སྐད་ཆ་ཤོད་རེས་བྱས་ཏེ། བརྩེ་བ་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་བུ་ཕྲུག་ཚོས་མེས་རྒྱལ་སྐྱེད་མར་ནམ་ཡང་ལྷད་མེད་ཀྱི་བརྩེ་བ་ཟབ་མོ་བཅངས་པ་ལྟར་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཟློས་གར་དེ་ཇུས་འགོད་དང་ནང་སྦྱོང་ནས་འཁྲབ་སྟོན་བྱེད་པའི་བར་ཀྲུང་གོ་བྱིས་པའི་སྒྱུ་རྩལ་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་གསར་གཏོད་བྱེད་པར་དུས་ཡུན་ཟླ་བ་5ཙམ་འགོར་ཡོད། འདི་ལོའི་ཟླ་3པ་ཚུན་བོད་ཀྱི་ས་གནས་ཁག་ཏུ་འཁྲབ་སྟོན་ཐེངས་མང་བྱས་པ་དང་དྲ་ཐོག་དང་དྲ་ཕྱིར་ལྟད་མོ་བ་མི་ཐེངས་5000ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།