མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ཁྲུའུ་ཡིས།
ནུས་ཤུགས་ཡོད་རྒུས་བློ་མཐུན་རྒན་གྲས་ལ་ཞབས་འདེགས་ཞུས་པ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཆེད། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ཁྲུའུ་ཡིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་གཏན་གྱི་ལས་དོན་ནང་བཅུག་སྟེ་རྒྱུན་དུ་ནས་སློབ་སྦྱོང་དང་དམ་འཛིན་གྱིས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ཁྲུའུ་ཡིས《བོད་ལྗོངས་ཁུལ་གྱི་མི་དམངས་དངུལ་ཁང་ཁོངས་གཏོགས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་བསྟར་ཇུས་གཞི》འཕྲལ་མར་བཟོས་པ་དང་འབྲེལ། 2023ལོའི་ཟླ་6པ་ནས་8པའི་བར་ཁོངས་གཏོགས་ཁུལ་གྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའུ་བདུན་དུ་བསྐྱོད་དེ་གཅིག་སྡུད་སློབ་སྦྱོང་བྱས་ནས་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ཡོད། དེ་དང་དུས་མཚུངས། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ཁྲུའུ་ཡིས་ད་དུང་ལས་བྱེད་པ་རྒན་གྲས་སྒྲིག་འཛུགས་བྱས་ནས《དུས་རབས་གསར་པའི་བོད་ལྗོངས་ཁུལ་གྱི་མི་དམངས་དངུལ་ཁང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་བརྟག་དཔྱད་འདྲི་གཞི》བཀྲམ་པ་མ་ཟད། ས་གནས་ས་ཐོག་ཏུ་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཡོད།
དེ་དང་ཆབས་ཅིག རྒན་རྒོན་སློབ་ཆེན་གྱི་བྱེད་སྒོ་ལྟེ་གནས་དང་གྲོང་ཁྱེར་ཤར་འདབས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའི་བྱེད་སྒོ་ཁང་གི་སྒྲིག་བཀོད་རྙིང་པ་ཆགས་པ་དང་། གློག་སྐུད་ལ་སྐྱོན་ཤོར་བ། ཆུ་འཛག་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ཁྲུའུ་ཡིས་དུས་ཐོག་ཏུ་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཐུན་སྦྱོར་བྱས་ནས། གཏན་འབེབས་ལྟར་སྒྲིག་ཆས་ཉམས་བཟོ་དང་ཉོ་སྒྲུབ་ལས་དོན་ཡག་པོ་བསྒྲུབས་ཏེ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་ཞབས་འདེགས་ཡག་པོ་ཞུས་ཡོད།