དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཆུ་གཡེང་འོད་ཤུགས་གློག་ཁང་གིས་མ་ལེ་ཞི་ཡའི་ལྗང་མདོག་གློག་ཤུགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-11

    མ་ལེ་ཞི་ཡའི་ཞུའེ་ལན་ཨེ་ཀྲོའུ་ཡི་ཀྲའོ་ཝ་10ཡི་ཆུ་གཡེང་འོད་ཤུགས་གློག་ཁང་རང་བྱུང་མཚོ་ཁར་བསྐྲུན་པ་དང་དེ་ནི་རྒྱལ་ཁབ་དེའི་སྤྱོད་བཞིན་པའི་ཆུ་གཡེང་འོད་ཤུགས་རྣམ་གྲངས་དང་པོ་དེ་རེད། རྣམ་གྲངས་དེ་ནི་ཀྲུང་གོའི་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཧྲང་ཧའེ་ནུས་རྒྱུ་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་འགན་གཙང་བླངས་པ་ཞིག་ཡིན་ཞིང་། 2020ལོའི་ཟླ་བརྒྱད་པར་ཁྱོན་ཡོངས་ནས་གློག་དྲ་སྦྲེལ་མཐུད་བྱུང་སྟེ་གློག་གཏོང་འགོ་ཚུགས་པ་དང་མིག་སྔར་གཉེར་སྐྱོང་ཡག་པོ་བྱུང་ནས། ཟླ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་145ཙམ་ཟིན་ཏེ་ས་གནས་དེ་གའི་ལྗང་མདོག་གློག་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད།

    འདི་ནི་མ་ལེ་ཞི་ཡའི་ཞུའེ་ལན་ཨེ་ཀྲོའུ་ཡི་ཀྲའོ་ཝ་10ཡི་ཆུ་གཡེང་འོད་ཤུགས་གློག་ཁང་ཡིན་པ།

    འདི་ནི་ས་གནས་དེ་གའི་ལས་མིས་འོད་ཤུགས་ཤེལ་ལེབ་ལ་ཞིབ་བཤེར་ཉམས་བཟོ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།