དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་གོ་ལ་ཧྲིལ་པོའི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

    —— ཝེ་ནེ་ཙུའེ་ལའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཀེར་ཧྥུན་ཧྲི་ཐའེ་དབྱིན་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་པེའོ། ལི་ལུའུ།   |     སྤེལ་དུས།  2023-08-11

    ཉིན་ཤས་གོང་ཝེ་ནེ་ཙུའེ་ལའི་རྩོམ་པ་པོ་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ལུའོ་ཏེ་ལི་ཀེ་སི·ཀེར་ཧྥུན་ཧྲི་ཐའེ་དབྱིན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་དེས་ཞི་བདེ་དང་སྐྱོན་བྲལ་གྱི་རྒྱལ་སྤྱིའི་ཁོར་ཡུག་གཏོད་པར་ཕན་ཐོགས་ཡོད་ལ་འཛམ་གླིང་དར་རྒྱས་གོང་འཕེལ་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཐུབ་ཅེས་བརྗོད་པ་རེད།

    2006ལོ་ནས་བཟུང་ཀེར་ཧྥུན་ཧྲི་ཐའེ་དབྱིན་གྱིས་ཀྲུང་གོར་འཚམས་འདྲི་ཐེངས་11བྱས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་དཔང་པོ་བྱས་ཡོད། དུས་ཡུན་རིང་པོར་ཀྲུང་གོར་ཞིབ་འཇུག་བྱེད་མཁན་རིགས་གཅིག་མཁས་ཅན་ཞིག་ཡིན་པའི་ཀེར་ཧྥུན་ཧྲི་ཐའེ་དབྱིན་གྱིས་ཉེ་ཆར་བརྩམས་ཆོས《དུས་རབས་ཉེར་གཅིག་པའི་ཀྲུང་གོ རྒྱལ་ཁབ་ཆེན་པོ་ཞིག་རྨོངས་གཉིད་ལས་སད་པ》(སི་ཕེན་ཡི་གེའི་པར་མ)དཔེ་སྐྲུན་བྱས་པ་རེད། ཁོང་གིས་ཀྲུང་གོའི་ལོ་རྒྱུས་དང་མཚན་ཉིད་རིག་པའི་བསམ་བློ་ནས་འགོ་བཙུགས་ཏེ། ལ་ཏིང་མེ་གླིང་གི་ཀློག་པ་པོ་དེ་བས་མང་བས་དཔེ་དེབ་འདི་བརྒྱུད་ཀྲུང་གོར་ནང་སྲིད་དང་ཕྱི་འབྲེལ་ལས་དོན་ཐད་གྲུབ་འབྲས་ཐོབ་རྐྱེན་དང་དེ་བཞིན་ཀྲུང་གོས་དེང་སྐབས་ཀྱི་འཛམ་གླིང་ཐོག་ནུས་པ་གལ་ཆེན་ཇི་ལྟར་འདོན་སྤེལ་བྱེད་པའི་ཐད་གོ་བ་གཏིང་ཟབ་ལེན་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    བཅར་འདྲི་བྱེད་རིང་ཝེ་ནེ་ཙུའེ་ལའི་མཁས་དབང་ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་སྐོར་དམིགས་སུ་གླེང་ཞིང་། ཁོང་གིས་གྲོས་འགོ་དེའི་དམིགས་ཡུལ་ནི་མཉམ་ལས་རྣམ་གྲངས་རེ་རེ་བརྒྱུད་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ཡོ་རོབ། ལ་ཏིང་མེ་གླིང་སོགས་ས་ཁོངས་འབྲེལ་མཐུད་བྱས་ནས་རྒྱལ་ཁབ་ཁག་གི་ཚོང་དོན་དང་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཀྲུང་གོའི་གཞུང་ཕྱོགས་ཀྱི་གྲངས་གཞིར་གཞིགས་ན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་སོང་རིང་། འཛམ་གླིང་ཐོག་བཞི་ཆ་གསུམ་ལྷག་ཙམ་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་32དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས། ཨ་སྒོར་དུང་ཕྱུར་ཁྲི་ལྷག་ཙམ་མ་འཇོག་སྐུལ་ཁྲིད་བྱས་པ་དང་མཉམ་ལས་རྣམ་གྲངས་3000ལྷག་ཙམ་གྲུབ་སྟེ་ལམ་རྒྱུད་རྒྱལ་ཁབ་ལ་ལས་གནས་ཁྲི་42བཏོད་པ་དང་མི་ཁྲི་4000ཙམ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་པ་རེད།

    ཁོང་གིས་ཞི་བདེ་དངོས་སྒྲུབ་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འདུ་ཤེས་ལས་ཀྲུང་གོའི་བློ་གྲོས་མངོན་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་རིང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་མཐུན་དང་དོ་སྙོམས་བརྩོན་ལེན་བྱས་ཏེ། ཕྱི་རོལ་དང་ཐུན་མོང་གི་མཉམ་ལས་བར་མཐོངས་སྐྲུན་བཞིན་ཡོད་ཅེས་བརྗོད་པ་རེད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀེར་ཧྥུན་ཧྲེ་ཐའེ་དབྱིན་གྱིས“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོའི་རྣམ་གྲངས་ལས་ཕན་པ་ཆེན་པོ་ཐོབ་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་མངོན་འགྱུར་ཡོང་བར་ནུས་པ་ཐོན་རྒྱུ་མ་ཟད། གྲོས་འགོ་དེའི་འོག་གི་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཡང་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།