དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྷོ་ཨ་ཧྥེ་རི་ཁས་བསྟན་དོན།

    འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅོ་ལྔ་པ་བྱེད་རྒྱུའི་གྲ་སྒྲིག་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-08-11

    ཉེ་ཆར་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་པུའུ་ཀྲང་ཕན་རྡོར་གྱིས་ལྷོ་ཨ་ཧྥེ་རི་ཁས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅོ་ལྔ་པ་བྱེད་རྒྱུའི་གྲ་སྒྲིག་ཟིན་ཡོད་ཅེས་བརྗོད་པ་རེད།

    ཕན་རྡོར་གྱིས་ཉིན་དེར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2023ལོའི་འབོ་གསེར་དབུ་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས་ལྷོ་ཨ་ཧྥེ་རི་ཁས་གཡོད་ཧན་ནེ་སི་པའོ་རུ་ད་ཐེངས་ཀྱི་འབོ་གསེར་དབུ་ཚོགས་འཚོག་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཡོད། དེ་ནི་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་འབོ་གསེར་རྒྱལ་ཁབ་ཀྱིས་འཚོགས་པའི་དྲ་ཕྱིའི་དབུ་ཚོགས་ཐོག་མ་དེ་རེད་ཅེས་བརྗོད་པ་རེད།

    ཕན་རྡོར་གྱིས་2023ལོའི་འབོ་གསེར་དབུ་ཚོགས་རིང་། ལྷོ་ཨ་ཧྥེ་རི་ཁས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅོ་ལྔ་པ་དང་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་སོགས་གཉེར་རྒྱུ་རེད། སྐབས་དེ་དུས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་འབོ་གསེར་མཉམ་ལས་དང་འབོ་གསེར་ལམ་སྲོལ་རྒྱ་སྐྱེད་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

    ཕན་རྡོར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་ཨ་ཧྥེ་རི་ཁས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་67དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ཀྱི་འགོ་ཁྲིད་པ“འབོ་གསེར—ཨ་ཧྥེ་རི་ཁའི”ཚོགས་འདུ་དང“འབོ་གསེར+”ཀྱི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཞུགས་པར་གདན་དྲངས་ཡོད། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགོ་ཁྲིད་པ་20གདན་ཞུས་ལྟར་ཚོགས་འདུར་ཞུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།