དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཁོར་ཡུག་གནོད་འཚེ་ཉུང་གཏོང་སྲུང་སྐར་Fཨང་གཉིས་པ་བདེ་བླག་ངང་འཕེན་གཏོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-11

    ཟླ་8ཚེས་9ཉིན་གྱི་ཆུ་ཚོད་6དང་སྐར་མ་53ཙམ་ལ། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་ཁོར་ཡུག་གནོད་འཚེ་ཉུང་གཏོང་གི་སྲུང་སྐར་Fཨང་གཉིས་པ་བདེ་བླག་ངང་འཕེན་གཏོང་བྱས་པ་རེད། ཁོར་ཡུག་གནོད་འཚེ་ཉུང་གཏོང་གི་སྲུང་སྐར་Fཨང་གཉིས་པ་ནི《རྒྱལ་ཁབ་ཀྱི་དམངས་སྤྱོད་བར་མཐོངས་རྨང་གཞིའི་སྒྲིག་བཀོད་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད(2015ལོ་ནས་2025ལོ་བར)》ལ་རྒྱབ་སྐྱོར་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་པུའུ་དང་འཕྲལ་སྡོམ་དོ་དམ་པུས་མཉམ་དུ་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་ནས་ཞིབ་བཟོ་བྱས་པའི་ལས་སྒོའི་སྲུང་སྐར་ཞིག་རེད། སྲུང་སྐར་དེ་བདེ་བླག་ངང་འཕེན་གཏོང་བྱས་པ་ལས“ལོ་ལྔ་ཚན་བཅུ་གསུམ་པར”བཙུགས་པའི་ཁོར་ཡུག་ཁོངས་གཏོགས་ཀྱི“2+2”སྐར་ཚོམ་དྲ་ཚོ་དངོས་སུ་འཁོར་སྐྱོད་བྱས་པ་མཚོན་པ་དང་རྒྱུ་རྐྱེན་མང་བ་དང་། གནམ་གཤིས་ཀུན་འཕྲོད། ཉིན་མཚན་དབྱེར་མེད་བཅས་ཀྱི་བར་མཐོངས་དབྱེ་འབྱེད་བྱེད་ཚད་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་ནུས་པ་འབྲིང་གྲས་རགས་ཙམ་ཆགས་ཡོད་པ་རེད།

    ཁོར་ཡུག་གནོད་འཚེ་ཉུང་གཏོང་གི་སྲུང་སྐར་Fཨང་གཉིས་པས་ཁོར་ཡུག་གནོད་འཚེ་ཉུང་གཏོང་གི་སྲུང་སྐར་Eཨང་གཉིས་པ་དང་དྲ་ཚོའི་ལྟ་ཞིབ་ཚད་ལེན་ཐུབ་ནས་ལྷོ་ཕྱོགས་ཀྱི་སྤྲིན་པ་མང་བ་དང་ཆར་ཆུ་མང་བའི་ས་ཁུལ་གྱི་འོད་རིག་སྲུང་སྐར་རྒྱང་ཚོར་གྱི་ནུས་ལྡན་གྲངས་གཞི་མི་འདང་བར་ཁ་གསབ་ནུས་ལྡན་བྱས་ཏེ། གནམ་གཤིས་ཀུན་འཕྲོད་དང་ཉིན་མཚན་དབྱེར་མེད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱང་ཚོར་ལས་སྒོ་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།