དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧའེ་ནན་ཞིང་ཆེན་དང་ཨ་རིའི་ཅ་ཀྲོའུ་ཡིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཁོར་ཡུག་སྲུང་སྐྱོང་གི་བསམ་ཤེས་བརྗེད་ཐོ་བཞག་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-10

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུའོ་ཧྲན་ཅི་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་3ཉིན། ཀྲུང་གོའི་ཧའེ་ནན་ཞིང་ཆེན་སྲིད་གཞུང་དང་ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་ཀྲོའུ་སྲིད་གཞུང་གིས་ཅ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་སཱ་ཁོ་ལཱ་མོན་ཐུའོ་རུ་བསམ་ཤེས་བརྗེད་ཐོ་བཞག་སྟེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྐུལ་འདེད་སོགས་ཁྱབ་ཁོངས་སུ་སྔར་བས་མཉམ་ལས་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།

    བརྗེད་ཐོ་གཞིར་བཟུང་། ཕྱོགས་གཉིས་པོས་ཕྱོགས་ལྔའི་ཐད་ཀྱི་དམིགས་ཚད་གཏན་འཁེལ་བྱས་པའི་ནང་། མཁའ་རླུང་སྦགས་བཙོག་དང་ཐཱན་འབུད་ཚད་ཉུང་དུ་གཏོང་བ་དང་། དུས་ཡུན་རིང་འབྲིང་གི་ཐཱན་ཉུང་འཕེལ་རྒྱས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་བ། ནུས་རྒྱུ་གཙང་མ་ཞིབ་སྤེལ་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། ནུས་རྒྱུ་གསར་པའི་རླངས་འཁོར་དང་སྦགས་བཙོག་མེད་པའི་རླངས་འཁོར་གྱིས་སྲོལ་རྒྱུན་སྣུམ་སྤྱོད་རླངས་འཁོར་གྱི་ཚབ་བྱེད་པའི་འཕེལ་རིམ་མགྱོགས་སུ་གཏོང་བ། རང་བྱུང་ལ་གཞི་བྱས་པའི་ཐཱན་སེལ་ཇུས་གཞིར་སྐུལ་འདེད་གཏོང་བ་བཅས་ཚུད་ཡོད། ཕྱོགས་གཉིས་པོས་གནམ་གཤིས་འགྱུར་ལྡོག་དང་མཁའ་རླུང་སྤུས་ཚད་དང་། འགྲིམ་འགྲུལ་གཙང་མ། ནུས་རྒྱུ་གཙང་མ་དང་ལག་རྩལ་གཙང་མ། རང་བྱུང་ལ་གཞི་བྱས་པའི་གནམ་གཤིས་ཐག་གཅོད་ཇུས་གཞི་བཅས་མཉམ་ལས་ཀྱི་ཁྱབ་ཁོངས་བཞིར་དབྱེ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།