དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་དང་མཉམ་ལས་བྱས་ནས་པུ་རུན་ཏིའི་འཕྲིན་གཏོང་བྱ་གཞག་ལ་རེ་བ་གསར་པ་སྦྱིན་པ”

    པུ་རུན་ཏིའི་འཕྲིན་གཏོང་དང་ཆ་འཕྲིན་ལག་རྩལ་སྨྱན་སྦྱོར་པུའུ་ཀྲང་ཨེན་ཏ་ཁ་དབྱི་སཱ་པཱར་བཅར་འདྲི་ཞུས་པ།

  •     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅི་ལིས།   |     སྤེལ་དུས།  2023-08-10

    ཉིན་ཤས་གོང་པུ་རུན་ཏིའི་འཕྲིན་གཏོང་དང་ཆ་འཕྲིན་ལག་རྩལ་སྨྱན་སྦྱོར་པུའུ་ཀྲང་ལའེ་ཨའོ་ཁ་ཏི·ཨེན་ཏ་ཁ་དབྱི་སཱ་པཱས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། པུ་ཀྲུང་ཕྱོགས་གཉིས་པོའི་འཕྲིན་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱིས་པུ་རུན་ཏིའི་འཕྲིན་གཏོང་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ནས་པུ་རུན་ཏིའི་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་གྲངས་འཛིན་སྦྲེལ་མཐུད་ལ་རེ་བ་གསར་པ་སྦྱིན་ཡོད་ལ། པུ་རུན་ཏིའི་མི་དམངས་ལ་ཡང་ཕན་པ་དངོས་ཐོབ་ཡོད་ཅེས་བརྗོད་པ་རེད།

    ཨེན་ཏ་ཁ་དབྱི་སཱ་པཱས། པུ་ཀྲུང་དབར་གྱི་འཕྲིན་གཏོང་མཉམ་ལས་ལས་དགེ་མཚན་ལྡན་པའི་ཤུགས་རྐྱེན་མང་པོ་ཐེབས་ཡོད། “པུ་རུན་ཏིའི་དམངས་ཚོགས་ལ་གྲངས་འཛིན་བརྙན་འཕྲིན་དང་། སྒུལ་བདེའི་འཕྲིན་གཏོང་། དྲ་སྦྲེལ་ཞབས་ཞུ་བཅས་ཀྱི་ཕན་པ་ཐོབ་ཡོད”དེ་དག་ནི་ཧྭ་ཝུའེ་སོགས་ཀྲུང་གོའི་ཁེ་ལས་ཞུགས་ནས་པུ་རུན་ཏིའི་འཕྲིན་གཏོང་དྲ་རྒྱའི་ཁྱབ་ཚད་ཆེ་རུ་བཏང་བ་ལས་བྱུང་བ་ཞིག་རེད་ཅེས་བརྗོད་པ་རེད།

    ཁོང་གིས་ཀྲུང་གོའི་མ་འཇོག་ཁེ་ལས་སི་ཏ་དུས་རབས་ཀྱིས་ལག་བསྟར་བྱས་པའི“གྲོང་ཚོ་ཁྲིར་ཁྱབ་པའི”རྣམ་གྲངས་ལས་སྲུང་སྐར་གྱི་གྲངས་འཛིན་བརྙན་འཕྲིན་པུ་རུན་ཏིའི་གྲོང་གསེབ་ཏུ་ཁྱབ་གདལ་བཏང་སྟེ་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཡུལ་མིས་གོ་ལ་ཧྲིལ་པོའི་ཆ་འཕྲིན་ཤེས་ནས་ཞིང་ལས་དང་། ཚན་རིག བདེ་ཐང་སོགས་ཁྱབ་ཁོངས་ཀྱི་ཤེས་བྱ་ཤེས་རྟོགས་ཐུབ་པ་དེས་ས་གནས་དེ་གའི་དབུལ་པོ་ཉུང་གཏོང་དང་དབུལ་སྒྲོལ་ལས་དོན་ལ་སྐུལ་མ་ཐེབས་ཡོད། དེ་དང་ཆབས་ཅིག་གྲངས་འཛིན་བརྙན་འཕྲིན་ཞབས་ཞུས་ས་གནས་དེ་གའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད་ཅེས་དམིགས་སུ་བཀར་ནས་བརྗོད།

    ཨེན་ཏ་ཁ་དབྱི་སཱ་པཱས། འདས་ཟིན་པའི་ལོ་20ཡི་ནང་ཀྲུང་གོ་ཕྱོགས་ཀྱིས་ལག་རྩལ་ཐད་རྒྱབ་སྐྱོར་དང་གསོ་སྦྱོང་བྱས་པ་དེས་པུ་རུན་ཏིའི་ས་གནས་དེ་གའི་མི་སྣའི་འཇོན་ཐང་ཆེ་རུ་འགྲོ་རྒྱུར་འགན་ལེན་ནུས་ལྡན་ཐུབ་ནས་ཁོང་ཚོས་འཕྲིན་གཏོང་སྒྲིག་ཆས་ལ་སྔར་བས་སྲུང་སྐྱོང་དང་དོ་དམ་ཡག་པོ་བྱས་ཏེ་ལག་རྩལ་རང་ས་ཅན་མངོན་འགྱུར་ཐུབ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།