དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་གདོད་མའི་རྣམ་པ་དང་མཚོ་བོད་ས་མཐོའི་གྲངས་འཛིན་ཆེན་པོའི་ཉེར་སྤྱོད་ལྟེ་གནས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་བཙུཌ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-10

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་8ཉིན་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་གདོད་མའི་རྣམ་པ་དང་མཚོ་བོད་ས་མཐོའི་གྲངས་འཛིན་ཆེན་པོའི་ཉེར་སྤྱོད་ལྟེ་གནས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བཙུགས་པ་དང་། ལས་སྟེགས་བཙུགས་པ་ལས་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ནུས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།

    གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་གདོད་མའི་རྣམ་པ་དང་མཚོ་བོད་ས་མཐོའི་གྲངས་འཛིན་ཆེན་པོའི་ཉེར་སྤྱོད་ལྟེ་གནས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་དེ་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་སྣེ་ཁྲིད་པ་དང་མཚོ་སྔོན་སློབ་ཆེན་སོགས་ཚན་པ་6གིས་མཉམ་དུ་བཙུགས་པ་ཞིག་རེད། ཚན་རྩལ་གསར་གཏོད་ལས་སྟེགས་དེས་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོའི་དབུས་ཁུལ་དུ་གནས་པའི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་གདོད་མའི་རྣམ་པ་ལྟ་ཞིབ་ཁང་གཅིག་པུ་སྟེ་ཝ་ལི་ཀོན་ཀྲུང་གོའི་རླུང་ཁམས་ཆེ་མོའི་གདོད་མའི་རྣམ་པའི་གཞི་རྩའི་ལྟ་ཞིབ་ཁང་ལ་བརྟེན་ནས་བཙུགས་པ་ཞིག་ཡིན་པ་དང་། དེས་མཚོ་བོད་ས་མཐོའི“ཐཱན་གཉིས”ཀྱི་བརྒྱུད་ལམ་དང་། གནམ་གཤིས་འགྱུར་ལྡོག སྐྱེ་ཁམས་སྲུང་སྐྱོང་བཅས་ལ་དམིགས་ཏེ་ཝ་ལི་ཀོན་གྱི་དྲོད་ཁང་རླངས་གཟུགས་ལ་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དང་། གྲངས་ཐང་མཐུན་འགྱུར་དང་བསྐྱར་དུ་དབྱེ་ཞིབ་སོགས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ལེགས་ཆར་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱི་དྲོད་ཁང་རླངས་གཟུགས་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་དང་།“ཐཱན་ཚད་སྙོམ་སྦྱོར”ལ་དབྱེ་ཞིབ་དང་ཚོད་སྐོར་ལག་རྩལ་ཞིབ་སྤེལ་དང་ཞབས་འདེགས་ཡག་པོ་ཞུས་ཏེ། སྐྱེ་ཁམས་གནམ་གཤིས་ཀྱི་གྲངས་འཛིན་ཐོན་རྫས་ལས་རིགས་དང་ཁྱབ་ཁོངས་བསྒྲལ་ཏེ་མཉམ་དུ་སྤྱོད་རྒྱུར་སྐུལ་འདེད་བཏང་ནས“ཐཱན་གཉིས”ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

    གོང་གསལ་རྨང་གཞིའི་ཐོག་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ད་དུང་མཉམ་དུ་མཚོ་བོད་ས་མཐོའི་ཐཱན་དང་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་གྱི་མནའ་འབྲེལ་བཙུགས་པས། མཚོ་བོད་ས་མཐོའི་གནམ་གཤིས་དང་སྐྱེ་ཁམས་གྲངས་འཛིན་མཉམ་དུ་སྤྱད་དེ་ཐཱན་དང་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།

    མཚོ་བོད་ས་མཐོ་ནི་འཛམ་གླིང་སྟེང་ས་བབ་མཐོ་ཤོས་ཀྱི་ས་ཆ་ཡིན་པས“འཛམ་གླིང་ཡང་རྩེ”ཞེས་གྲགས་ཤིང་། དེ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཚོར་བ་སྐྱེན་ཤོས་ཀྱི་ས་ཁོངས་གྲས་ཤིག་རེད། གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་གདོད་མའི་རྣམ་པ་དང་མཚོ་བོད་ས་མཐོའི་གྲངས་འཛིན་ཆེན་པོའི་ཉེར་སྤྱོད་ལྟེ་གནས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་རིག་ནུས་ཐད་ནས་མུ་མཐུད་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།