དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སེམས་ཀྱི་ཉི་ཟླ་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་མཐོ་གྲང་གི་ཆུ་ཅིའུ་རྙེད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-10

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་8ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཚན་ཞིབ་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕུ་མདའ་མཚོ་མཛེས་ལྗོངས་ཁུལ་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་མཐོ་གྲང་གི་ཆུ་ཅིའུ་ཐོག་མར་རྙེད་ཅིང་། ས་གནས་ས་ཐོག་ཏུ་བསྡོམས་རྩིས་བརྒྱབ་པ་ལས་མངོན་པར། རྩི་ཤིང་དེ་རིགས་ཀྱི་སྡོང་རྐང་གྲངས་འབོར་500ལྷག་ཙམ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན་སེམས་ཀྱི་ཉི་ཟླའི་རི་མཐོ་རྩི་ཤིང་ར་བ་དང་ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཚན་རིག་ཁང་ཁུན་མིང་ནགས་གླིང་གི་ཚན་ཞིབ་པས། ཉེ་ཆར་ཕུ་མདའ་མཚོ་མཛེས་ལྗོངས་ཁུལ་དུ“ཡུན་ནན་ནུབ་བྱང་རྒྱུད་ཀྱི་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་རིགས་ཀྱི་སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་དང་གནས་སྤོས་སྲུང་སྐྱོབ”ཀྱི་རྣམ་གྲངས་ལག་ལེན་བསྟར་སྐབས་མཐོ་གྲང་གི་རྩི་ཤིང་ཆུ་ཅིའུ་རྙེད་པ་རེད། རྩི་ཤིང་དེ་རིགས་ཕལ་ཆེ་བ་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་3000ནས་4400བར་གྱི་རི་མཐོ་དང་འདམ་ར་དང་ན་ཁར་སྐྱེས་ཀྱི་ཡོད་པ་དང་ཡུན་ནན་ནུབ་བྱང་རྒྱུད་སོགས་སུ་ཁྱབ་ཡོད།

    རྩི་ཤིང་དེ་རིགས་བསྐྱར་དུ་ཐོན་པ་ལས་ས་གནས་དེ་གའི་ཉེ་བའི་ལོ་ཤས་རིང་གི་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་གསལ་པོར་མངོན་ལ། ས་གནས་དེ་གའི་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཡང་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།