དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡིད་དབང་འཕྲོག་པའི་ཞོ་སྟོན། བདེ་སྐྱིད་ལྡན་པའི་ལྷ་ས།

    2023ལོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་16ནས་22ཉིན་བར་གཉེར་གྱི་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-10

    ཚེས་8ཉིན་གྱི་སྔ་དྲོར། གསར་འགོད་པར་2023ལོའི་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ཡིད་དབང་འཕྲོག་པའི་ཞོ་སྟོན·བདེ་སྐྱིད་ལྡན་པའི་ལྷ་ས”བརྗོད་དོན་གཙོ་བོར་བྱས་པའི་2023ལོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་16ནས་22ཉིན་བར་ལྷ་སར་གཉེར་གྱི་ཡོད། འདི་ལོའི་ཞོ་སྟོན་གྱི་བྱེད་སྒོ་གཙོ་བོ་ཁག་བདུན་ཡོད་པ་ལས། ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་དང་། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་འདུ་ཚོགས་དང་རྣམ་གྲངས་ལ་གཅིག་སྡུད་གན་རྒྱ་འཇོག་པ། ཕུལ་བྱུང་གི་སྲོལ་རྒྱུན་ལྷ་མོ་འཁྲབ་སྟོན། ལྷ་སའི་རྟ་རྒྱུག་འགྲན་བསྡུར། ལྷ་སའི་རྒྱལ་པོ་རྒྱལ་རྩེད་འགྲན་བསྡུར། ལྷ་ས་གྲོང་ཁྱེར་གྱི“རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གདོང་དམག་ཧུར་ཐག་བྱེད་པ·ལྷ་ས་སྐྱིད་ཆུའི་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་ཕྱོགས་བསྡུས་བཅོས་སྐྱོང”གི་བགྲོ་གླེང་ཚོགས་འདུ། སྲོལ་རྒྱུན་གྱི་གོས་སྐུ་གཤོམ་པ་བཅས་ཚུད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་གྱི་ཕན་འབྲས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་གོ་ཅིང་ཅུས་ཁྲང་ཞི་ཁང་གི་རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྟོན་པ་ཧོང་པིང་ཆང་དང་། གཞས་པ་གྲགས་ཅན་ཡ་ཏུང་། འཇམ་དབྱངས་སྒྲོལ་མ་སོགས་སྒྱུ་རྩལ་མཁས་ཅན་གདན་དྲངས་ནས་མཉམ་དུ་འཁྲབ་སྟོན་བྱེད་ཀྱི་ཡོད་ཅིང་། སྐབས་དེ་དུས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་ཚན་པ་དང་དེ་བཞིན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨྱན་སྦྱོར་གསར་པའི་ལས་སྟེགས་བརྒྱུད་ཐད་གཏོང་བྱེད་ཀྱི་ཡོད་པ་རེད།

    དེ་སྔ་དང་བསྡུར་ན་འདི་ལོའི་ཞོ་སྟོན་རིང་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་ཁག་གཅིག་གཅིག་སྡུད་སྦྲེལ་མཐུད་དང་། ངོ་འཕྲད་གྲོས་མོལ། གན་རྒྱ་འཇོག་པ་བཅས་བྱེད་ཀྱི་ཡོད་པ། རིག་གནས་ཡུལ་སྐོར་དང་། ས་གཙང་བདེ་ཐང་། ལྗང་མདོག་བཟོ་ལས། མཐོ་གསར་གྲངས་འཛིན་སོགས་ཐོན་ལས་དང་འབྲེལ་བ་ཡོད་པ་དང་། ཚོང་འགུགས་མ་འདྲེན་གྱི་ཕོ་ཉའི་ལག་ཁྱེར་སྤྲོད་ཀྱི་ཡོད་པ་དེ་ནི་ལྷ་ས་གྲོང་ཁྱེར་གྱིས་ཚོང་འགུགས་ཕོ་ཉའི་ལག་ཁྱེར་སྤྲོད་ཐེངས་དང་པོ་རེད། འདི་ལོའི་ཞོ་སྟོན་རིང་རྟ་རྩལ་འཁྲབ་སྟོན་རྟ་རྒྱུག་ཚོགས་ཆེན་དུ་རིམ་པ་སྤར་ཏེ། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ཕུད། ད་དུང་རྩལ་འགྲན་རྟ་རྩལ་གྱི་མྱུར་ཚད་འགྲན་པའི་རྟ་རྒྱུག་དང་རྟ་འགྲོས་རྣམ་གྲངས་ཆེ་གྲས་གཉིས་ཁ་སྣོན་བྱེད་པ་མ་ཟད། དེ་སྔའི་ཉིན་ཕྱེད་ཀྱི་འགྲན་བསྡུར་དེ་ཉིན་གཅིག་དང་ཕྱེད་ཀའི“འཁྲབ་སྟོན་དང་རྩལ་འགྲན་རྟ་རྩལ་གྱི་རྣམ་གྲངས”སུ་རིམ་པ་སྤར་ཏེ་མང་ཚོགས་ཚོས་ཐག་ཉེ་ས་ནས་བོད་ཀྱི་རྟ་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།