དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཙང་ཆུའི་ཆུ་འགོ་བསྲུངས་ནས་སྐྱེ་ཁམས་ཡག་པོ་སྐྱོང་དགོས།

    ནག་ཆུར“འབྲི་ཆུའི་ཆུ་ཐིགས་དང་པོའི”རྡོ་རིང་གི་ཡོལ་བ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-10

    “འབྲི་ཆུའི་ཆུ་ཐིགས་དང་པོ”ནི་གདང་ལའི་རི་རྒྱུད་ཀྱི་སྐུ་ལྷ་དར་གདོང་གངས་རིའི་རྐྱང་ཁྱུ་དེའུ་རུག་འཁྱགས་རོམ་བཞུར་བ་ལས་བྱུང་བ་ཞིག་ཡིན་པ་དང་། དེ་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང(བྱང་ཐང་རྒྱུད)དུ་གནས་ཡོད། འབྲི་ཆུའི་ཆུ་འགོའི་ཁུལ་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཟླ་8ཚེས་1ཉིན་ནག་ཆུ་གྲོང་ཁྱེར་གྱིས་ས་བབ་མཐོ་ཚད་སྨི་5300ལྷག་ཙམ་ཡོད་པའི་རྐྱང་ཁྱུ་དེའུ་རུག་འཁྱགས་རོམ་གྱི་འདབས་སུ“འབྲི་ཆུའི་ཆུ་ཐིགས་དང་པོའི”རྡོ་རིང་གི་ཡོལ་བ་ཕྱེ་བའི་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། ཆུ་བེད་པུའུ་དང་ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པའི་འཐུས་མིས་དུས་སྐབས་འདིར་མཉམ་དུ་བདེན་དཔང་བྱས་པ་རེད།

    ནག་ཆུར“གཙང་ཆུའི་ཆུ་འགོ”དང“ས་མཐོའི་ཆུ་མཛོད”“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”བཅས་ཀྱི་མཚན་སྙན་ཡོད་པ་དང་། དེ་ནི་འབྲི་ཆུ་དང་། རྒྱལ་མོ་རྔུལ་ཆུ། རྫ་ཆུ། ལྷ་ས་སྐྱིད་ཆུ་སོགས་གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱི་ཆུ་འགོ་རེད། “འབྲི་ཆུའི་ཆུ་ཐིགས་དང་པོ”རྐྱང་ཁྱུ་དེའུ་རུག་འཁྱགས་རོམ་ནི་ཨ་མདོ་རྫོང་དམར་ཆུ་ཤང་དུ་གནས་ཤིང་། འབྲི་ཆུའི་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ས་གནས་དེ་གར་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་ཞིག་ཆགས་ཡོད་ཅིང་། འབྲི་ཆུའི་ཆུ་འགོའི་དུད་ཚང་དང་པོའི་རྣམ་བཀྲས་རུ་སྣེ་ཁྲིད་པའི་ཆུ་འགོའི་འབྲོག་པ་ཏང་ཡོན་དང་བླངས་རུ་ཁག་དང་།ཏང་ཡོན་ཞུགས་པའི་འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་བྱ་སྤྱོད་ཀྱི་དང་བླངས་སྲུང་སྐྱོང་རུ་ཁག དམར་ཆུ་ཤང་སྲིད་གཞུང་གི་ལས་བྱེད་པས་སྣེ་ཁྲིད་པའི་འཕྲལ་སྡོམ་མྱུར་སྐྱོབ་རུ་ཁག དམར་ཆུ་ཤང་གི་སློབ་ཆུང་སློབ་མའི་འཐུས་མི་ལས་གྲུབ་པའི་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་གི་སྲུང་དམག་ཆུང་ངུའི་རུ་ཁག དམར་ཆུ་ཤང་གི་ལས་བྱེད་ལས་བཟོ་དང་གྲོང་ཚོ་ཁག་གི་རྒྱ་སྐད་ཅུང་ལེགས་པའི་གྲོང་ཚོ“ཨུ་ལྷན་གཉིས”དང་དུད་སྦྲེལ་སྤྱི་མི་ལས་གྲུབ་པའི་འབྲི་ཆུའི་ཆུ་འགོའི་མི་རིགས་མཐུན་སྒྲིལ་གྱི་དང་བླངས་རུ་ཁག་སོགས་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དཔུང་ཁག་ལྔ་བཙུགས་ཡོད། ཁོང་ཚོའི་ལས་ཀ་གཙོ་བོ་ནི་སྐྱེ་ཁམས་སྐོར་ཞིབ་དང་། གད་སྙིགས་སྒྲུག་པ། འཕྲལ་སྡོམ་རོགས་སྐྱོབ། ཕྱི་ཕྱོགས་ནས་ཡོང་བའི་ཡུལ་སྐོར་བ་སྲུང་སྐྱོང་ཁུལ་དུ་མི་གཏོང་བ་སོགས་ཡིན། 2016ལོ་ནས་བཟུང་འབྲི་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་དུ་རང་དགར་འཛུལ་བའི་ཕྱི་ཕྱོགས་ནས་ཡོང་མཁན་མི་ཐེངས་137ལ་བཀག་འགོག་བྱས་པ་དང་། རོགས་སྐྱོབ་ཐེངས་14བྱས་པ། འབྲི་ཆུའི་ཆུ་འགོའི་ཁུལ་དུ་གཙང་སྦྲ་ཐེངས་620ཙམ་བྱས་པ་བཅས་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ལོ་ལྟར་ཆུ་དཔོན་དང་མཚོ་དཔོན་གྱི་ལས་ཀའི་འཆར་གཞི་བཟོ་བ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་ཆུ་དཔོན་དང་མཚོ་དཔོན་གྱིས་གཙང་པོ་དང་ཆུ་བོའི་ཆུ་འགོ་སྲུང་སྐྱོང་དང་དོ་དམ་ལས་དོན་བསྒྲུབས་ཡོད། དེ་བཞིན་འབྲི་ཆུའི་ཆུ་འགོ་དང་། འདམ་ར། འཁྱགས་རོམ། སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། གོམ་སྟབས་རྗེས་མར་ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གཙང་པོ་དང་ཆུ་བོའི་ཆུ་འགོའི་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ས་མཐོའི་སྲོག་ཆགས་དང་། རྩི་ཤིང་། རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།