དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་བྱ་ཐབས་མང་པོ་བཏོན་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-09

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྲུང་སྐྱོབ་སྔོན་ལ་འཇོག་པ་མཐའ་འཁྱོངས་ཀྱིས་སྐྱེ་དངོས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་། ཁྲིམས་འགལ་གྱིས་གདོད་མའི་རྩི་ཤིང་ཉོ་ཚོང་བྱེད་མཁན་ལ་རྒྱུན་མཐུད་ཆེད་དོན་བཅོས་སྒྲིག་བྱས་ཏེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་ཤུཌ་ཆེ་རུ་བཏང་བ་རེད།

    སྐྱེ་དངོས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་གྱི་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་རོལ་དུ་བཏབ་པའི་རྩི་ཤིང་གི་ས་བོན་ཐོན་ཁུངས་ནང་འདྲེན་གྱི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད། ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་སྐྱེ་དངོས་ཀྱི་བདེ་འཇགས་གྲལ་བཤེར་དང་བཙན་འཛུལ་སྐྱེ་དངོས་ཡོངས་བཤེར་དང་སྔོན་འགོག་ཚོད་འཛིན་ལས་དོན་ཧུར་ཐག་སྤེལ་བ་དང་། ཁྲིམས་འགལ་གྱིས་གདོད་མའི་རྩི་ཤིང་ཉོ་ཚོང་བྱེད་མཁན་ལ་རྒྱུན་མཐུད་ཆེད་དོན་བཅོས་སྒྲིག་བྱས་པ་དང་ཁྲིམས་འགལ་ངང་ཤིང་སོན་དབོར་འདྲེན་དང་རི་སྐྱེས་སྲོག་ཆགས་རྔོན་པ་དང་གང་བྱུང་དུ་ཟ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། རང་བྱུང་ཐོན་ཁུངས་བདག་བཟུང་དང་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་སྒྲིག་བཀོད་བཟོ་སྐྲུན་གྱི་མཆན་འགོད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། རིམ་ལྔའི་ནགས་དཔོན་ལམ་ལུཌ་ཕྱོཌ་ཡོངས་ནས་ཁྱབ་གདལ་གཏོང་བ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་དམིགས་སུ་བཀར་ནས་དམ་འཛིན་བྱས་ཏེ། ཁྲེང་ཏུར་བཅའ་སྡོད་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཀྲོན་ཡོན་དོན་གཅོད་ཁྲུའུ་ཡིས་ལྟ་སྐུལ་སྒྲུབ་གཉེར་བྱས་པའི་གྱོད་གཞི་དང་། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཅུས་ཀྱིས་རྩིས་བཤེར་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁྲིམས་འགལ་ངང་ནགས་ཚལ་དང་རྩྭ་ཐང་བདག་བཟུང་དང་། ནགས་གཏོར་ས་སློག ཤིང་སྣ་གང་བྱུང་གཅོད་པ་བཅས་ལ་རྡུང་རྡེག་ཚ་ནན་གཏོང་བ། བཅའ་ཁྲིམས་དང་སྒྲིག་ལམ་གཞིར་བཟུང་དབྱར་རྩྭ་དགུན་འབུ་སྔོག་འཐུར་དོ་དམ་ཡག་པོ་བཅས་བྱས་ཡོད།

    2019ལོར་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བསླངས་པར་ཁ་གསབ་སྤྲོད་པའི་ཚོང་ལས་འགན་བཅོལ་གྱི་ཚོད་ལྟའི་ལས་དོན་སྤེལ་བ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བསླངས་པར་ཁ་གསབ་སྤྲོད་རྒྱུ་དེ་སྲིད་གཞུང་གིས་ཐད་ཀར་ཁ་གསབ་སྤྲོད་པ་ནས་ཚོང་ལས་འགན་བཅོལ་ནས་ཁ་གསབ་སྤྲོད་པའི་བར་འགྱུར་ལྡོག་བྱུང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་ཁྲི་7498.75སྤྲད་ཡོད། རྩྭ་ཐང་གི་ཨ་བྲ་དང་། གནོད་འབུ། དུག་རྩྭ་སོགས་བཅོས་སྐྱོང་དང་། མི་ཐབས་ཀྱིས་རྩྭ་འདེབས་དང་རང་བྱུང་རྩྭ་ར་ལེགས་བཅོས། ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་རྩྭ་ཐང་རྣམ་གྲངས་50ལག་བསྟར་བྱས་པར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་2.6བཏང་བ་དང་། རིགས་ཁག་གི་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་16ལག་བསྟར་བྱས་པར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་9032.04བཏང་བ། རིགས་ཁག་གི་ནགས་ལས་ཀྱི་ཉེན་ཁ་སྔོག་འགོག་དང་ཚོད་འཛིན་གྱི་ནུས་པ་གསོ་སྐྱོང་རྣམ་གྲངས་4ལག་བསྟར་བྱས་པར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་4664.28བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།