དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས།

    ཁོ་ལོམ་པི་ཡ་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་དབར་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གོ་ཆོད་པའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཁོ་ལོམ་པི་ཡ་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་དབར་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གོ་ཆོད་པའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།

    གསར་འགོད་པ་ཞིག་གིས་ཉེ་ཆར་ཁོ་ལོམ་པི་ཡ་སྲིད་གཞུང་དང“ཁོ་ལོམ་པི་ཡའི་མི་རིགས་བཅིངས་འགྲོལ་དམག”གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཉིན་180ཡི་རིང་གནས་སྐབས་དམག་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    མགྲིན་ཚབ་པས། ཕྱོགས་ཡོངས་ནས་ཞི་བདེ་ཡོང་བ་ནི་ཁོ་ལོམ་པི་ཡའི་མི་དམངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན། ཞི་བདེ་བྱུང་ན་ལ་ཏིང་མེ་གླིང་ས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་སྲིད་ཅེས་བརྗོད།

    མགྲིན་ཚབ་པས། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡའི་ཞི་བའི་འཕེལ་རིམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཕྱོགས་ཁག་གིས་ཞི་བདེ་ཡོང་བར་འབད་འཐབ་ལྷོད་མེད་བྱས་པར་བསྔགས་བརྗོད་བྱེད་རྒྱུ་ཡིན། ཕྱོགས་ཁག་གིས་ཞི་བའི་ཐུན་མོང་ངོས་འཛིན་མུ་མཐུད་གཅིག་སྒྲིལ་ཡོང་བར་བྱས་ནས་ཁོ་ལོམ་པི་ཡར་སྔ་ཙམ་ཡུན་རིང་ཞི་བདེ་མངོན་འགྱུར་དང་བརྟན་ལྷིང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།