དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འདམ་གཞུང་རྫོང་གིས་གནམ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-09

    ཡུལ་སྐོར་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་རྒྱ་ཆེའི་ཡུལ་སྐོར་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད། ཉེ་ཆར། འདམ་གཞུང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གདན་དྲངས་ཏེ་རྫོང་འགྲིམ་འགྲུལ་ཅུས་དང་རང་བྱུང་ཐོན་ཁུངས་ཅུས(ནགས་ལས་དང་རྩྭ་ཐང་ཅུས)སོགས་འབྲེལ་ཡོད་ཁྲིམས་འཛིན་ཚན་པ་དང་མཉམ་དུ་གནམ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱང་རྒྱུད་ས་ཁོངས་སུ་བསྐྱོད་དེ། ཡུལ་སྐོར་ཁྲོམ་ར་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱས་པ་རེད།

    ད་ཐེངས་ཀྱི་མཉམ་འབྲེལ་ཞིབ་བཤེར་བྱེད་རིང་། ཞིབ་བཤེར་བྱེད་མཁན་6མངགས་པ་དང་ཁྱོན་ཡུལ་སྐོར་རླངས་འཁོར་དང་སྒེར་འཁོར་20ལྷག་ཙམ་ལ་ཞིབ་བཤེར་བྱས་ཡོད། ད་རེས་ཆེད་དོན་བཅོས་སྒྲིག་བྱས་ཏེ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་བ་དང་། འདམ་གཞུང་རྫོང་གི་ཡུལ་སྐོར་ཁྲོམ་རའི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ། ཡུལ་སྐོར་ཐོན་ལས་བརྟན་པོའི་ངང་སླར་གསོ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་གནམ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཡུལ་སྐོར་སྒྲིག་ལམ་སྔར་བཞིན་ཡག་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།