དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས།

    ལས་མིའི་འགྱངས་ཆད་གླ་ཆ་སྒོར་ཁྲི་100དུས་ཐོག་ཏུ་ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-09

    ཉེ་ཆར། དོ་བདག་དབྱང་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་གཉིས་ཆེད་མངགས་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་སུ་ཡོང་ནས“ཁྲིམས་དཔོན་གྱིས་དཔང་པོ་བྱས། དམངས་ཀྱི་ཆེད་དུ་ཁྲིམས་འཛིན”ཞེས་བྲིས་པའི་གོས་དར་ཞིག་ཁྲིམས་ཁང་དེའི་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པའི་ལག་ཏུ་སྤྲད་རྗེས། “ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་དང་ལག་བསྟར་ཅུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ནི་ཁྱེད་ཚོས་ཁྲིམས་སྒྱུར་དྲང་པོ་དང་དམངས་ལ་གཞུང་དྲང་བྱས་ཏེ། ང་ཚོའི་ལོ་མང་འགྱངས་ཆད་གླ་ཆ་རྣམས་ལེན་རོགས་གནང་བྱུང་བས། ངས་ཁྱེད་ཚོར་བསྔགས་བརྗོད་བྱ་རྒྱུ་དང་འབྲེལ་ཐུགས་རྗེ་ཆེ་ཡང་ཞུ་ཆེད་ཡིན”ཞེས་སེམས་འགུལ་ཐེབས་བཞིན་བརྗོད།

    ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གྱོད་གཞི་དེའི་རེ་འདུན་ལག་བསྟར་པ་དབྱང་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་གཉིས་དང་ལག་བསྟར་བྱ་ཡུལ་གཏེར་ལས་ཚད་ཡོད་ཀུང་སི་ཞིག་དབར་ངལ་ལས་གན་རྒྱའི་རྩོད་གཞི་ཐོན་ནས་ཁྲིམས་ཁང་གིས་གཏེར་ལས་ཚད་ཡོད་ཀུང་སི་དེར་ངལ་ལས་གླ་ཆ་ཁྱོན་སྒོར་ཁྲི་2800སྤྲོད་དགོས་པའི་ཁྲུན་ཐག་བཅད་པ་རེད། དཔྱད་མཚམས་ལ་ནུས་པ་ཐོན་རྗེས། གཏེར་ལས་ཚད་ཡོད་ཀུང་སི་དེ་ད་བར་ལས་མཚམས་བཞག་ནས་འཇལ་སྤྲོད་ཀྱི་འོས་འགན་འཁུར་མ་ཐུབ་སྟབས། རེ་འདུན་ལག་བསྟར་པ་དབྱང་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་གཉིས་ཀྱིས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་རྒྱུའི་རེ་འདུན་ཞུས།

    སྐོང་འདྲི་བྱས་པ་བརྒྱུད། ཀུང་སི་དེ་ད་ཆ་སི་ཁྲོན་གྱི་ཀུང་སི་ཞིག་གིས་ཉོས་པ་དང་ཕྱོགས་གསུམ་པ་དང་འབྲེལ་གཏུག་བྱས་རྗེས་གཞི་ནས་གྱོད་གཞི་དེའི་ལག་བསྟར་འཆར་གཞི་ཤེས་རྟོགས་ཐུབ་པ་དང་། ཕྱོགས་གསུམ་པའི་ཀུང་སིས་མཐར་སྒོར་ཁྲི་100གྲབས་གསོག་བྱས་ནས་ལག་བསྟར་རེ་འདུན་ཞུ་མཁན་གཉིས་པོར་སྤྲོད་རྒྱུའི་མོས་མཐུན་བྱས་པ་དང་། གྱོད་གཞི་དེའི་ལྷག་དངུལ་གཞན་དག་རྣམས་ལོ་གཉིས་ཀྱི་ནང་དུས་བཀག་ལྟར་སྤྲོད་རྒྱུའི་རེ་བ་བཏོན་པ་རེད། ལག་བསྟར་བྱ་ཡུལ་གྱི་ཀུང་སིར་མིག་སྔར་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་མི་འདང་བའི་ཁར་ད་དུང་བུ་ལོན་གྱི་རྩོད་གཞིའི་གྱོད་གཞི་མང་པོ་ཞིག་ཡོད་པར་དམིགས་ཏེ། ལག་བསྟར་ཅུས་ཀྱི་བསམ་ཕྱོགས་ལ་འགྱུར་ལྡོག་མགྱོགས་པོ་བཏང་ནས་ཕྱོགས་གཉིས་པོ་དང་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད། ཕྱོགས་གཉིས་པོས་འདུམ་འགྲིག་བྱ་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱས་ཤིང་། ལག་བསྟར་རེ་འདུན་ཞུ་མཁན་གཉིས་པོས་འཕྲལ་དུ་སྒོར་ཁྲི་100ཡི་ལག་བསྟར་གྲོན་དངུལ་ལེན་ཆོག་པ་མ་ཟད། གྱོད་གཞི་དེ་དང་འབྲེལ་བའི་ལྷག་དངུལ་གཞན་དག་རྣམས་ལག་བསྟར་བྱ་ཡུལ་གྱི་ཀུང་སིས་ཁག་བགོས་ནས་འཇལ་སྤྲོད་བྱ་རྒྱུའི་ཁས་བླངས་པ་དང་། མཐར་ཕྱོགས་གཉིས་པོས་རང་མོས་ངང་འདུམ་འགྲིག་བྱས་ནས་གྱོད་གཞི་དེ་བདེ་བླག་ངང་ཐག་གཅོད་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།