དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།

    མངའ་རིས་འདི་ཉིད་གངས་ལྗོངས་ས་མཐོའི“ནུབ་ རྒྱུད་ཀྱི་མུ་ཏིག”ཅིག་ཏུ་ཧུར་ཐག་སྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-09

    ཉེ་ཆར་མངའ་རིས་ས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མངའ་རིས་ཀྱི་བྱ་གཞག་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། མངའ་རིས་ས་ཨུད་ཀྱི“12114”ཡི་ལས་དོན་གྱི་བསམ་ཕྱོགས་དོན་འཁྱོལ་བཅས་བྱས་ནས“བྱ་སྤྱོད་ཆེན་པོ་བརྒྱད”ལག་བསྟར་བྱ་རྒྱུ་དམ་འཛིན་བྱ་གཞིར་བརྩི་བ་དང་རྣམ་གྲངས་ལ་དམ་འཛིན་ཤུགས་ཆེན་དང་། ཁོར་ཡུག་ལ་དམ་འཛིན་ཤུགས་ཆེན། ནུས་ཕྱོད་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ཏེ་བརྟན་པོ་འཕར་བ་དང་། ཐོན་ལས་སྟོབས་ཆེར་གཏོང་བ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་མངོན་གསལ་དོད་པོས་ཡག་པོ་བསྒྲུབས་ཐོག་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ལེགས་སུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་བཟང་སྒྲིག་བཅས་བྱུང་ཡོད།

    སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་བྱུང་ཞིང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རིམ་སྤོར་བྱས་པ་དང“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཆེན་པོ་དྲུག”ལག་བསྟར་ཤུགས་ཆེན་བྱས་ནས“དགུ་སྤེལ”ཁྱབ་ཁོངས་ཀྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་ཚད་100%ཟིན་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི“མོས་སེམས་ལྔ”ཟབ་ཏུ་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་ཕྱིན་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་སྤེལ་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99.8%ཟིན་ཡོད་པ་རེད།

    དཔལ་འབྱོར་འཕེལ་རྒྱས་ལས་འཕེལ་རྣམ་བཟང་པོ་མངོན་ཞིང་། འདི་ལོའི་ལོ་སྟོད་དུ་མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་36.3ཟིན་ནས་8%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་29.67བཏང་ནས་87.6%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30999དང་སྒོར་6342སོ་སོར་ཟིན་ནས་6.1%དང་8.8%སོ་སོར་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་9.56ཟིན་ནས་8.7%འཕར་བ་བཅས་རེད། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་2023ལོར་གཙོ་གནད་རྣམ་གྲངས་370ལག་བསྟར་བྱ་རྩིས་ཡོད་པའི་ནང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་74.97བཏང་བ་དེ་དུས་མཚུངས་ལས་13%ཡན་འཕར་བ་དང་། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་22ལག་ལེན་བསྟར་ནས་མ་དངུལ་སྒོར་དུང་ཕྱུར་154.86གཏོང་བའི་གྲོས་མཐུན་བྱུང་བ། གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་1.61ཟིན་ནས་2%ཡན་འཕར་བ་དང་། ཆ་འཕྲིན་ཅན་གྱི་རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1.3བཏང་བ་རེད། རིམ་རྩིས་བྱས་ན། རྒྱལ་ཁབ་ཀྱི་Aབཞི་རིམ་པའི་མཛེས་ལྗོངས་ཁུལ་1དང་Aགསུམ་རིམ་པའི་མཛེས་ལྗོངས་ཁུལ་6བསྐྲུན་པ་དང་འདི་ལོའི་ལོ་སྟོད་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་62.4ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་4.9བཏོད་ཡོད་པ་རེད།

    སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་སོང་ཞིང་། མངའ་རིས་ས་ཁུལ་གྱིས“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་དང་། བྱེ་འགོག་བྱེ་བཅོས། གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་འགོའི་སྐྱེ་ཁམས་ནུས་པའི་ཁུལ་སྲུང་སྐྱོང་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་ནས། སྲུང་སྐྱོང་གི་དམར་ཐིག་སྟོང་སྨི་ངོས་གྲུ་ཁྲི་19.05གཏན་འཁེལ་བྱས་པ་དང་། ས་ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99.4%ཡན་ཟིན་པ་དང་། ཆུ་བོ་དང་མཚེའུ་གཙོ་བོའི་ཆུ་སྤུས་ཚང་མ་རིམ་པ་གསུམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ་དང་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་པ། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་3དང་། དཔེ་སྟོན་ཤང་དང་གྲོང་རྡལ18 དཔེ་སྟོན་གྲོང་ཚོ་དང་གྲོང་ལྷན་78བཅས་བཙུགས་པ། མཚོ་མོ་ངང་ལག་རིང་མོ་དང་། གླང་ཆེན་ཁ་འབབ། རྨ་བྱ་ཁ་འབབ་བཅས་ཀྱི་མཚོ་འགྲམ་སྲུང་སྐྱོབ་དང་སླར་གསོ་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ལོ་སྟོད་དུ་འོས་འགན་ཤིང་འཛུགས་མུའུ་4500དང་སྡོང་རྐང་ཁྲི་61.9བཏབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།