དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ལམ་སྟོན་པ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-09

    ཁྱིམ་ཚང་གཅིག་ལ་སྣེ་ཁྲིད་པ་ཡག་པོ་ཞིག་དགོས་ལ། རྒྱལ་ཁབ་དང་མི་རིགས་ཤིག་ལ་ཡང་སྣེ་ཁྲིད་པ་ཡག་པོ་ཞིག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཡོངས་མདུན་དུ་སྐྱོད་པའི་དེད་དཔོན་ཡིན་ལ། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ལམ་སྟོན་པ་ཡང་ཡིན།

    “མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་དེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་གཅིག་སེམས་གཅིག་ཏུ་སྦྲེལ་བ་དང་ལས་དོན་མཐའ་དག་རྒྱལ་ཡོངས་ཀྱི་མི་སེར་ཚོ་དེ་བས་ལེགས་པའི་འཚོ་བ་སྐྱེལ་ཐུབ་པ་དང་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་མི་རིགས་ཚང་མ་དབུལ་སྒྲོལ་ཐུབ་ནས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་སྐྱེལ་ཐུབ་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ནས། འཛམ་བུ་གླིང་གི་དབུལ་སྒྲོལ་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་དབུལ་པོ་ཁྲི་9899ཚང་མ་དབུལ་སྒྲོལ་ཐུབ་པ་དང་བོད་ཀྱི་དབུལ་པོ་ཁྲི་62ལྷག་ཙམ་ཚང་མ་དབུལ་སྒྲོལ་ཐུབ་ཡོད། བོད་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་ལོ་མཇུག་གི་སྒོར་1499ནས་2019ལོའི་སྒོར་9328བར་མང་དུ་ཕྱིན་ནས་ལྷབ་6ལྷག་ཙམ་འཕར་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཟབ་བསྐྱོད་གནང་སྟེ། ས་སེར་མཐོ་སྒང་ནས་མཚོ་བོད་ས་མཐོའི་བར་དང་། ཐའེ་ཧང་རི་ཁུལ་ནས་ཝུའུ་མོང་རི་ཁུལ་བར། དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་བཅུ་གྲངས་ནས་ས་བབ་མཐོ་ཚད་སྨི་སྟོང་ཕྲག་བར། ཀན་སུའུ་ཏིང་ཤིས་ནས་སི་ཁྲོན་ཏ་ལེའང་ཧྲན་བར་བཅས་སུ་ཕེབས་པ་དང་། ཁོང་གི་ཞབས་རྗེས་རྒྱལ་ཡོངས་ཀྱི་ས་ཆ་གང་སར་ཁྱབ་པ་དང་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14རུ་ཕེབས་ནས་དམངས་ཀྱི་འདོད་བློ་གསན་པ་དང་། དམངས་ཀྱི་གནས་ཚུལ་ལ་གཟིགས་པ། ཐབས་ཇུས་ལ་དགོངས་པ་བཞེས་ནས། མི་རིགས་ཁག་གི་མང་ཚོགས་དབུལ་སྒྲོལ་ཐུབ་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བར་ཉིན་མཚན་དབྱེར་མེད་དུ་ཕྱག་ལས་གནང་བཞིན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན་ཞེས་གསུངས་མྱོང་ཡོད། དེའི་གོ་དོན་གཙོ་བོ་ནི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་ཁོང་གིས་རང་ཉིད་སྐྱེས་སུ་འབུལ་བ་དང་རང་ཉིད་བློས་གཏོང་ཐུབ་པ་དེ་ཡིན། སྙིང་སྟོབས་དེ་ལྟ་བུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་རང་ཉིད་ཀྱི་ཚེ་སྲོག་སྐྱེས་སུ་འབུལ་བའི་མཚོན་ཚུལ་མངོན་གསལ་དོད་ཤོས་ཤིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་མི་དམངས་འཚོ་བར་དགའ་ཞེན་ཡོད་པ་དང་། དེ་བས་ལེགས་པའི་སློབ་གསོ་དང་། དེ་བས་བརྟན་པའི་ལས་ཀ དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་། དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། དེ་བས་སྐྱིད་སྣང་དོད་པའི་སྡོད་ཁང་གི་ཆ་རྐྱེན། དེ་བས་མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་ཡོང་རེ་བྱེད་ཀྱི་ཡོད་ལ། ཕྲུ་གུ་ཚོ་འཚར་ལོངས་དེ་བས་ལེགས་པ་དང་། ལས་ཀ་དེ་བས་ཡག་པ། འཚོ་བ་དེ་བས་སྐྱིད་པ་བཅས་ཀྱང་ཡོང་རེ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་ཧུར་བརྩོན་རྒྱལ་སྐྱོང་བྱེད་པ་ནི་སྦྱོང་དུས་སློབ་མཁན་ཡོད་པ་དང་། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་ཤིག་ཧུར་ཐག་བསྐྲུན་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་རེ་རེ་བཞིན་མངོན་འགྱུར་ཡོང་ཆེད་རེད།

    ལོ་སིའི་རིགས་གཅིག་མཁས་ཅན་ལ་མུའུ་ཨེན·ཆའོ་ཝུའེ་ཅི་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཆེས་རླབས་ཆེན་གྱི་ཀྲུང་གོའི་འགོ་ཁྲིད་པ་ཞིག་རེད། ཁོང་གིས་གཞུང་དོན་ཁང་ཁོ་ནར་མ་བཞུགས་པར་མི་དམངས་ཀྱི་ཁྲོད་དུ་ཟབ་ཞུགས་གནང་གི་ཡོད”ཅེས་གདེང་འཇོག་བྱས་པ་དང་། ཧྥ་རན་སེའི་རིགས་གཅིག་མཁས་ཅན་ཧྥུའུ་ཕེ་ཅིས“ངས་བལྟས་ན་མི་སེར་ཚང་མ་ཞི་ཅིན་ཕིང་ལ་ཧ་ཅང་དགའ་པོ་འདུག གང་ལགས་ཤེ་ན། ཁོང་གིས་མི་སེར་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པས་རེད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།