དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སེམས་ནུས་གཅིག་སྒྲིལ་འབུར་དུ་ཐོན་པར་བྱས་ནས་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱེད་པ།

    —— དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལོ་ཧྲིལ་པོའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2023-08-09

    དར་ཆ་མཐོན་པོར་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་དམིགས་ཚད་ཁ་གསལ་བཟོས་ཏེ་ངར་ཤུགས་འཕེལ་བར་བྱེད་དགོས། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་གྲོལ་མ་ཐག རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་གཏམ་བཟང་སླར་ཡང་གྲགས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1069.60ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་ལོ་གོང་མའི་དུས་མཚུངས་ལས་8.4%འཕར་ཡོད། འདི་ལོའི་ལོ་སྟོད་དུ། བོད་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་མུ་མཐུད་ལེགས་སུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་པོའི་ངང་བསྐྱར་དུ་འཕར་བ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་མཐུད་བྱུང་བ། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་བརྟན་པོ་དང་། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བ། ཞབས་ཞུའི་ལས་རིགས་མགྱོགས་མྱུར་སླར་གསོ་བྱུང་བ་བཅས་རེད།

    རྒྱལ་ཁའི་གཏམ་བཟང་ཐོས་རྗེས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་སྐུལ་ལྕག་ཆེན་པོ་ཐེབས། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་སོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འཕེལ་རྒྱས་དོན་གཉེར་དང་བྱ་གཞག་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་སོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་ནི་ས་མཐོའི་བུ་ཕྲུག་ཚོའི་སེམས་ཀྱི་དམིགས་ཚད་གཙོ་བོར་གྱུར་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་ལས་དོན་གྱི་དུས་བབ་ལ་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱས་པའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས་སེམས་ནུས་གཅིག་སྒྲིལ་མངོན་གསལ་དོད་པོ་དང་ཤེས་སྦྱོར་གཅིག་མཐུན་ཡོང་བ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་ལས་དོན་བཀོད་སྒྲིག་ལྟར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ། ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི་ལས་འགན་ལ་དམིགས་པ། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། ལས་ཀ་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཕུན་སུམ་ཚོགས་པོས་ལེགས་གྲུབ་ཡོང་བར་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།

    བསམ་བློ་གཅིག་གྱུར་བྱས་ན་གཞི་ནས་གོམ་སྟབས་གཅིག་གྱུར་དང་། སེམས་ཤུགས་གཅིག་ཏུ་བསྒྲིལ་ན་གྲུབ་འབྲས་མི་འཐོབ་པ་མེད། མི་དམངས་ཀྱི་གཙོ་འཛིན་གྱིས་སྣེ་ཁྲིད་ཕྱོགས་སྟོན་གནང་བ་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆེས་གཞི་རྩའི་འགན་ལེན་དང་ཆེས་གཏིང་ཟབ་པའི་སྟོབས་ཤུགས་ལྡན་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་སྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ལ་བརྟེན་ནས་དེ་བས་རང་རྟོགས་ངང་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་དུ་བཞག་སྟེ་ཞིབ་འཇུག་དང་སྐུལ་འདེད་གཏོང་བ་དང་། ཚང་འཛོམས་གྲོས་ཚོགས་སུ་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་བསམ་བློའི་ཐད་དུས་དང་རྣམ་པ་ཀུན་ཏུ་ལྟེ་བར་ཕྱོགས་པ་དང་བྱ་སྤྱོད་ཐད་སྔ་ཕྱི་བར་གསུམ་དུ་སྤྱི་ཡོངས་ལ་དམིགས་ནས། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དམིགས་ཚད་མི་འཛོལ་བའི་འགན་ལེན་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གཙོ་གནད་ཡོ་མི་ཤོར་བར་བྱེད་དགོས།

    འདུ་ཤེས་ཀྱིས་བསམ་ཕྱོགས་ཐག་གཅོད་དང་། བསམ་ཕྱོགས་ཀྱིས་མདུན་ལམ་ཐག་གཅོད་བྱེད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ང་ཚོས་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་དགོས། “བརྟན་ལྷིང་ལ་སྣང་ཆེན་དང་འཕེལ་རྒྱས་ལ་སྣང་ཆུང་བྱེད་པའི”བསམ་བློ་མེད་པར་བཟོ་བ་དང་། “སྒུག་རྟེན་སློང་གསུམ”གྱི་བསམ་བློ་འདོར་བ། “ཡར་རྒྱས་ཆུང་ངུ་བྱུང་ཚེ་བློ་ཡིད་ཚིམས་པའི”བསམ་བློར་འགྱུར་ལྡོག་གཏོང་བ། དུས་ལས་བརྒལ་ཟིན་པ་དང་། གོ་མི་ཆོད་པ། འཕེལ་རྒྱས་ལ་ཕན་པ་མེད་པ་བཅས་ཀྱི་བྱེད་ཐབས་དོར་ནས་སྒྲུབ་ཕོད་པ་དང་། གཏོད་ཕོད་པ། བྱེད་ཕོད་པ། སྔར་མེད་གསར་གཏོད་བྱེད་ཕོད་པ་བཅས་ཀྱི་འདུ་ཤེས་འཛུགས་པ་དང་། དུས་བསྟུན་འཕེལ་རྒྱས་དང་རང་འགུལ་ངང་བྱས་རྗེས་འཇོག་པ། རང་ལ་གནོན་ཤུགས་སྤྲོད་རིང་སྙིང་སྟོབས་འཕེལ་བ། ལེགས་ཆ་འདོན་རིང་འབྱུང་འགྱུར་ལ་ཇུས་འགོད། ཚད་གཞི་དང་སྡུར་རིང་གསར་བརྗེས་མདུན་སྐྱོད་བཅས་བྱེད་དགོས། ཁོང་ཡངས་དང་བློ་རྒྱ་ཆེན་པོར་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁྱད་ལྡན་ཐོན་ཁུངས་གསར་སྤེལ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་རིང་བོད་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།

    གནས་གཞི་མཐོ་པོར་བསྡུར་ནས་ཡར་རྒྱས་བརྩོན་ལེན་བྱེད། ཡར་རྒྱས་བརྩོན་ལེན་ནི་རིམ་ཁག་སྡེ་ཚན་ཁག་དང་ཏང་ཡོན་ལས་བྱེད་པའི་རྣམ་འགྱུར་དང་། འགན་འཁྲི། འཇོན་ནུས། སྤྱོད་ཚུལ་བཅས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ཞིག་རེད། མིག་སྔར། རང་ལྗོངས་ཀྱི་ལས་བྱེད་པའི་དཔུང་ཁག་ལ་ད་དུང་འགན་འཁུར་འདོད་མེད་པ་དང་། འགན་འཁུར་མི་ཕོད་པ། འགན་འཁུར་མི་མཁས་པ་བཅས་ཀྱི་གནད་དོན་ཡོད་པ་དང་། ཁག་གཅིག་གིས་ལས་འཛོལ་མི་ཡོང་བའི་ཆེད་ཐ་ན་ལས་ཀ་མི་བྱེད་པ། “བྱས་རྗེས་འཇོག་པར་མི་བརྩོན་ཡང་ནོར་འཁྲུལ་མེད་པར་འབད་པའི”བསམ་བློ་གནས་ཡོད། ཁག་གཅིག་གིས་ལས་ཀ་བྱེད་འདོད་མེད་པ་དང་འགན་འཁྲི་ཕྲག་ཏུ་འཁུར་མི་ཕོད་པ། འགལ་ཟླ་དང་དཀའ་གནད་ཕྲད་ཚེ་གཡོལ་བ། རང་འགན་གཞན་དཀྲི། འཛེམ་མེད་དམར་འདོན་བྱེད་ཕོད་ཀྱི་མེད། ཁག་གཅིག་གིས་དམིགས་བསལ་རང་བཞིན་ནན་བཤད་བྱས་དྲགས་པ་དང་། ཕྱི་ཚུལ་གྱི་ཆ་རྐྱེན་ཞན་པ་རྒྱུ་མཚན་དུ་བྱས་ནས་ལས་ཀའི་ཚད་གཞི་དམའ་རུ་གཏོང་བ་དང་གདོང་མཆོང་གི་ངར་ཤུགས་དང་ལས་ཀ་བྱེད་སེམས་ཆེན་པོ་མེད། ལས་བྱེད་པས“བྱས་རྗེས”འཇོག་ཐུབ་ཚེ་གཞི་ནས“གོ་གནས”རག་ཐུབ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཡར་རྒྱས་བརྩོན་ལེན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་གྱི་རྣམ་པ་རྒྱུན་འཁྱོངས། རང་ངོས་འཕེལ་རྒྱས་གཏོང་རིང་ཞན་ཆ་དང་མི་འདང་ས་གསལ་པོ་རྟོགས་པ། སྔོན་ཐོན་གྱི་ཉམས་མྱོང་ལ་སློབ་སྦྱོང་། འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྔོན་ཐོན་ལེགས་བརྩོན་གྱི་སྙིང་སྟོབས་སྤེལ་དགོས།

    སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར། དུས་བབ་བཟང་པོར་དམིགས་ཏེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། ཚན་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན། གོ་སྐབས་ལ་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ། ཤེས་སྦྱོར་གཅིག་མཐུན་ཁྲོད་རང་འགུལ་ངང་བྱ་སྤྱོད་སྤེལ་བ། ལག་བསྟར་བ་ངོ་མ་བྱེད་པ། འགག་སྒྲོལ་དཀའ་སེལ་གྱི་འབད་འཐབ་པ་བྱེད་པ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ཤུགས་ཕྱོགས་གཅིག་ཏུ་བརྒྱབ་སྟེ། ལོ་ཧྲིལ་པོའི་ལས་ཀའི་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ཧུར་ཐག་གཏོད་པ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།