དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འདི་ལོ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་སྐྲུན་དངོས་པོ་33ལ་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-08

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་ཆེད། འདི་ལོ་ཚུན་དུ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་འགོ་ཁྲིད་འོག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་མི་དམངས་ཆེད་དཔེ་དེབ་ཡག་པོ་དཔེ་སྐྲུན་བྱེད་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུམཐའ་འཁྱོངས་བྱས་ནས། བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་གང་མང་དཔེ་སྐྲུན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། མིག་སྔའི་བར་དཔེ་སྐྲུན་ཁང་གི་དཔེ་དེབ་དང་སྒྲ་བརྙན་ཐོན་རྫས་33ལ་བྱ་དགའ་ཐོབ་ཡོད་པ་རེད།

    དཔེ་སྐྲུན་ཁང་དེས་དཔེ་སྐྲུན་བྱས་པའི《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གཞི་རྩའི་གནད་དོན》ལ་ཀྲུང་དབྱང་དྲིལ་བསྒྲགས་པུའི་2022ལོའི་བརྗོད་དོན་གཙོ་བོའི་གཙོ་གནད་དཔེ་སྐྲུན་གྱི་གདམ་གཞིའི་བྱ་དགའ་ཐོབ་ཡོད། དེ་ནི་2021ལོར《རྒྱ་བོད་ཁྱིམ་ཚང་གཅིག》ཞེས་པ་བདམས་རྗེས་དཔེ་སྐྲུན་ཁང་དེའི་གདམ་གཞི་སླར་ཡང་དཀར་ཆག་དེའི་ནང་ཚུད་པ་ཞིག་རེད། དཔེ་སྐྲུན་བྱས་པའི《བོད་དུ་དཔུང་སྐྱོད་བྱེད་མཁན་བུད་མེད་དམག་མི་ཁག་དང་པོ》དང《རི་འཛེག་ལ་རྫོགས་མཐའ་མེད—བོད་ཀྱི་རི་འཛེག་གི་ལོ་60》སོགས་དཔེ་དེབ་5བོད་རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི“གཅིག་རེ་ལྔའི་འདུ་འགོད”སྐབས་བརྒྱད་པའི་དཔེ་དེབ་ཀྱི་བྱ་དགའ་ཐོབ་པ་དང་། དཔེ་སྐྲུན་བྱས་པའི《“ལྗང་མདོག་འབྱོར་འབྲིང་འདུ་འགོད”ཀྱི་ས་གནས་དཔེ་ཚོགས》དང་། 《བོད་ཀྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིམ་སྤེལ་ཞིབ་འཇུག་སྙན་ཞུའི་དཔེ་ཚོགས》 《བོད་ཀྱི་རིག་གནས་སྤྱི་བཤད》སོགས་དཔེ་དེབ་8ལ་སྐབས་སོ་གཉིས་པའི་བྱང་ཕྱོགས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་15ཡི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་ཐོབ་པ། དཔེ་སྐྲུན་བྱས་པའི《བོད་ཀྱི་གནམ་གཤིས་དང་གནམ་གཤིས་འགྱུར་ལྡོག་གི་ཞིབ་འཇུག》དང《བོད་ཀྱི་རྒྱུན་མཐོང་རི་སྐྱེས་རྩི་ཤིང་གི་པར་རིས》ཞེས་པའི་དཔེ་དེབ་གཉིས་ལ་སྐབས་28པའི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཕུལ་བྱུང་ཚན་རྩལ་དཔེ་དེབ་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ། འདི་ལོ་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དུ་གཉེར་བའི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཕུལ་བྱུང་སློབ་གསོའི་དཔེ་དེབ་བྱ་དགའ་དཔྱད་འདེམས་ཚོགས་འདུ་སྐབས་བཞི་པར་དཔེ་སྐྲུན་ཁང་དེས་དཔེ་སྐྲུན་བྱས་པའི་དཔེ་དེབ་14དང་སྒྲ་བརྙན་ཐོན་རྫས་3ལ་སྐབས་བཞི་པའི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཕུལ་བྱུང་སློབ་གསོའི་དཔེ་དེབ་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།