དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འགྱུར་ལྡོག་ཆུང་ངུ་ལས་མང་ཚོགས་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་བ།

    —— ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་སྨན་པ་དང་ནད་པའི་དབར་གྱི་འབྲེལ་བ་ཞི་མཐུན་ཡོང་བར་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-08

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་གཙོ་བཅོས་སྨན་པ་བཀྲ་ཤིས་དབང་འདུས་ཀྱིས་ནད་པ་སྐལ་བཟང་དོན་གྲུབ་ལ་ན་ཚ་ལྟ་བཞིན་པ།

    ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དུ་སྐྱོད་སྐབས་རྣམ་པ་གསར་པ་ཞིག་མིག་ལམ་དུ་འཆར་འོང་།

    གསར་འགོད་པའི་བག་ཆགས་ནང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དེ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གནས་ཡུལ་རྙིང་པར་བརྒྱབ་ནས་སྨན་ཁང་གཉིས་གཅིག་ཏུ་བསྒྲིལ་བའི་ལོ་གཅིག་གོང་གི་གནས་ཚུལ་དེ་དྲན།

    ད་ཆ་མཁྲེགས་ཆས་ཀྱི་རྨང་གཞིའི་སྒྲིག་ཆས་ལེགས་སུ་ཕྱིན་པ་དང་། མཉེན་ཆས་ཞབས་ཞུའི་སྤུས་ཚད་ལེགས་སུ་ཕྱིན་རྗེས་ནད་པ་དང་ནད་པའི་ཁྱིམ་མི་ཧ་ཅང་བློ་ཡིད་ཚིམ་པོ་བྱུང་ཡོད།

    སྤུས་ལེགས་ཞབས་ཞུར་ཀུན་གྱི་བསྔགས་བརྗོད་ཐོབ་པ།

    རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་རིམ་པའི་ཀ་པ་རིམ་པ་གསུམ་པའི་སྨན་རྩིས་ཁང་ཡིན་པའི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ལྗོངས་ཡོངས་ཀྱི་མང་ཚོགས་ཁྲོད་སྙན་གྲགས་ཆེན་པོ་ལྡན།

    བགྲང་བྱ་བཅུ་ཕྲག་རིང་། ནད་པའི་ཁྱིམ་མིར་ཐབ་ཆས་དང་ནད་ཁང་གཡར་རྒྱུ་རྒྱུན་འཁྱོངས་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་དང་མཐོ་རུ་གཏོང་བ་ནི། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་ཕུལ་བྱུང་གི་སྲོལ་རྒྱུན་ཞིག་རེད། “སྙན་གྲགས་ལྡན་པ་བཟང་མོད་ཀྱང་། ལྟ་སྟངས་ཡང་དག་མ་བཟུང་ཚེ་ངན་པར་ཡང་འགྱུར་སྲིད”ཅེས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཏང་ཨུད་ཧྲུའུ་ཅི་ཧོའུ་པའོ་ཕིང་གིས་བརྗོད་པ་དང་། ཁོང་གིས“སྙན་གྲགས་ཆེ་རུ་སོང་ནས་ད་ལྟའི་གནས་སྟངས་ལ་བློ་ཁ་ཚིམས་ཚེ་མདུན་སྐྱོད་བྱེད་མི་ཐུབ”ཅེས་གསུངས།

    སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 2021ལོར་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས“སྨན་པའི་སེམས་པ་ཏང་དང་མི་དམངས་ལ་ཕྱོགས་པའི”སྤུས་རྟགས་འཛུགས་སྐྱོང་བྱེད་འགོ་བརྩམས།

    ཉེ་ཆར་གསར་འགོད་པ་སྨན་ཁང་དེའི་ཀླད་སྙིང་ཁྲག་རྩའི་ཚན་ཁག་ཏུ་སྐྱོད་སྐབས། གཙོ་བཅོས་སྨན་པ་བཀྲ་ཤིས་དབང་འདུས་ཀྱིས་ནད་པར་ལྟ་བའི་སྒང་རེད་འདུག

    བཀྲ་ཤིས་དབང་འདུས་ནི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པ་སྐད་གྲགས་ཅན་ཞིག་ཡིན་པ་མ་ཟད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིའང་རེད།

    “དང་ཐོག་ཚང་མས་ལས་སྒོ་སློབ་སྦྱོང་ཧ་ཅང་གལ་ཆེ་ཞིང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་རོབ་ཙམ་བྱུང་ན་འགྲིག་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བཀྲ་ཤིས་དབང་འདུས་ཀྱིས་བརྗོད། དོན་དངོས་ཐོག་སྐབས་དེ་དུས་བཀྲ་ཤིས་དབང་འདུས་ལའང་བསམ་ཚུལ་དེ་རིགས་ཡོད་མོད། འོན་ཀྱང་ཁོང་གིས་དེ་ལྟར་བྱས་ན་མ་འགྲིགས་པ་ལམ་སེང་ཤེས།

    དགེ་ཕྲུག་འཁྲིད་པའི་བརྒྱུད་རིམ་དུ། བཀྲ་ཤིས་དབང་འདུས་ཀྱིས་རྟག་ཏུ་གཞོན་ནུ་ཚོ་ཇི་ལྟར་འཚར་ལོངས་མྱུར་པོ་དང་བརྟན་པོ་སྐྱོད་ཐུབ་མིན་ལ་བསམ་གཞིག་བྱེད་ཀྱི་ཡོད། རང་ཉིད་དངོས་སྦྱོང་བྱེད་སྐབས་མཛུབ་ཁྲིད་དགེ་རྒན་གྱིས་སློབ་སྟོན་ཞིབ་ཚགས་གནང་སྟངས་ལ་ཕྱིར་དྲན་བྱེད་སྐབས། བཀྲ་ཤིས་དབང་འདུས་ཀྱིས་སྨན་པའི་བྱམས་སེམས་ནི་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་འཕེལ་རྒྱས་ཀྱི་མཚོན་ཚུལ་ཞིག་ཡིན་པ་གསལ་པོར་རྟོགས།

    “བསམ་བློས་བྱ་སྤྱོད་ལ་སྣེ་ཁྲིད་དང་། བྱ་སྤྱོད་ལས་བསམ་བློ་མངོན་གྱི་ཡོད”ཅེས་བཀྲ་ཤིས་དབང་འདུས་དང་སྨན་པ་ན་གཞོན་ཚོས་བཤད་པ་དང་། ཁོ་ཚོས“རང་སྡོད་སར་གཞན་བཞག་ནས་ནད་པར་བསམ་བློ་མ་བཏང་ཚེ། ‘ནད་པ་ལྟེ་བར་འཛིན་པ’ནི་འབོད་ཚིག་ཙམ་རེད”ཅེས་བརྗོད།

    ཟླ་3ཚེས་25ཉིན། གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་ནས་ཡིན་པའི་ལོ་77ལ་སླེབས་པའི་བསོད་ནམས་ལྷ་མོར་གློ་བུར་དུ་ཀླད་ཁྲག་འདྲེས་པའི་ནད་ཕོག་ནས་མྱུར་སྐྱོབ་བྱས་མཐར། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་ཀླད་སྙིང་ཁྲག་རྩའི་ཚན་ཁག་ཏུ་བསྒྱུར་ཅིང་། སྨན་བཅོས་བྱས་པ་བརྒྱུད་མིག་སྔར་ཕྱི་བཅོས་ཚན་ཁག་ཏུ་དྲག་སྐྱེད་སྦྱོང་བརྡར་བྱེད་བཞིན་ཡོད། “ཨ་མ་ལགས་ཡག་པོ་དྲག་འདུག ང་ཚོའི་བསམ་ཚོད་ལས་ཡག་པ་བྱུང་འདུག”ཅེས་བསོད་ནམས་ལྷ་མོའི་བུ་མོ་ཟླ་བ་སྒྲོལ་མས་གསར་འགོད་པར་བརྗོད།

    ཉམས་སད་ཐེག་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་པ།

    བསམ་བློ་སྔར་བས་གཅིག་གྱུར་དང་ལས་བྱེད་པ་དང་ལས་བཟོའི་སྤྱོད་ཚུལ་ལེགས་སུ་ཧུར་ཐག་གཏོང་བར་སྐུལ་འདེད་བཏང་ནས་ཞབས་འདེགས་ཀྱི་སྤུས་ཚད་རང་འགུལ་ངང་མཐོ་རུ་བཏང་སྟེ་མི་དམངས་བློ་ཡིད་ཚིམ་པའི་སྨན་ཁང་ཞིག་གཏོད་ཆེད། ནད་པ་བསམ་འཆར་འདོན་པར་གདན་དྲངས་བ་དང་དུས་མཚུངས་2022ལོའི་ཟླ་4ཚེས་24ཉིན། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་སྨན་ཁང་ཡོངས་ཀྱི་ཏང་ཀྲི་པུའི་ཁོངས་མི་4དང་ཏང་ཡོན་ཡོངས་ལ“གལ་སྲིད་ང་ནད་པ་ཞིག་ཡིན་ཚེ”ཞེས་པའི་བགྲོ་གླེང་ཆེན་པོ་ཞིག་བྱས།

    “གལ་སྲིད་ང་ནད་པ་ཞིག་ཡིན་ཚེ་ངས་ཨང་ཀི་འགོག་པ་དང་། སྨན་པ་བསྟེན་པ། སྨན་ལེན་པ་སོགས་བྱེད་སྐབས། བང་རིང་པོ་སྒྲིག་མི་དགོས་པའི་རེ་བ་བྱེད་ལ། རིགས་གཅིག་མཁས་ཅན་གྱི་ཨང་ཀི་ཧ་ཅང་སྟབས་བདེ་པོའི་ངང་འགོག་ཐུབ་པའི་རེ་བ་བྱེད་པ་མ་ཟད། སྨན་ཁང་དུ་སྡོད་སྐབས་སྨན་གཡོག་ཡག་པོ་ཞིག་དང་ཡང་འཕྲད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བགྲོ་གླེང་ཆེན་པོར་ནད་སྡོད་ཁང་གི་ཏང་ཀྲི་པུའི་ཏང་ཡོན་པ་སངས་དབང་འདུས་ཀྱིས་སྐད་གསང་མཐོན་པོས་བཤད།

    “གནད་དོན་ལ་ཐད་ཀར་ཁ་གཏད་བཅག་ཚེ། གཞི་ནས་བསམ་བློའི་འཆིང་རྒྱ་ལས་གྲོལ་བ”དང“ནད་པ་ལྟེ་བར་འཛིན་པའི”བསམ་བློ་གཅིག་གྱུར་བྱུང་རྗེས། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ད་ཡོད་ཀྱི་ཤེས་ལྡན་པ་གང་ལེགས་བེད་སྤྱད་པ་དང་སྤྱོད་མཁས་པོ་བྱས་ཏེ་རང་སོའི་འཇོན་ཐང་གང་ཐུབ་འདོན་པ་དང་རང་སོའི་ནུས་པ་མངོན་པར་སྐུལ་འདེད་བཏང་ཡོད།

    ཉིན་ཤས་གོང་གསར་འགོད་པ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་བོད་སྐྱོར་སྨན་པའི་ལས་དོན་ཁང་དུ་སྐྱོད་སྐབས། ཧུའུ་ནན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་བོད་སྐྱོར་སྨན་པ་ཁྲེན་ཁྲེང་གིས་ནད་པ་དབྱངས་ཅན་ལ་ན་ཚ་ལྟ་བཞིན་ཡོད།

    དབྱངས་ཅན་གྱིས“ད་ཆ་ཞིང་ཆེན་གཞན་དུ་སྐྱོད་མི་དགོས་པར་ང་ཚོར་ཡང་སྨན་བཅོས་ཀྱི་ཐོན་ཁུངས་སྤུས་ལེགས་ལོངས་སུ་སྤྱོད་རྒྱུ་ཡོད། ལོ་འདི་དག་རིང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཉིན་རེ་བཞིན་ཡག་ཏུ་ཕྱིན་ནས་ན་ཚ་ཧ་ཅང་ལྟ་བདེ་རུ་ཕྱིན་པ་ཚང་མས་ཤོད་བཞིན་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    འགག་རྩ་དང་ཉེན་ཁའི་དུས་སུ་ཏང་རྩ་འཛུགས་ནི་སྲོག་ཤིང་ལྟ་བུ་རེད། 2022ལོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་སྨན་ཁང་ཡོངས་ཀྱི་ཏང་ཀྲི་པུའུ་4དང་ཏང་ཡོན་90ལས་གྲུབ་པའི་གདོང་ལེན་དང་བླངས་ཞབས་འདེགས་རུ་ཁག་4བཙུགས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པར་བརྟེན་ཏེ་དཔུང་ཁག་སྣེ་ཁྲིད་དང་སྦྱོང་བརྡར་བྱས་ཡོད།

    “རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ལས་བཟོ་ཞིག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་ཆེད་འཐབ་སར་ཏང་ལ་ཞུགས་པའི་ཞུ་ཡིག་ཕུལ་ཡོད”ཅེས་ཧོའུ་པའོ་ཕིང་གིས་བརྗོད་པ་དང་། ཁོང་གིས“དཔེ་གཅིག་གིས་ཁྱོན་ཡོངས་གསལ་བཤད་མི་ཐུབ་ཀྱང་། དཔེ་མཚོན་དང་འགྱུར་ལྡོག་ཆུང་ཙག་འདི་དག་ལས་སྨན་ཁང་གི་སྤྱོད་ཚུལ་སྤྱི་ཡོངས་འགྱུར་ལྡོག་ལ་སྐུལ་མ་ཐེབས་པ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད”ཅེས་བརྗོད།

    སྨན་པའི་སྤྱོད་ཚུལ་བཟང་ཞིང་གཞུང་དྲང་བ།

    “ཤོག་ཆག་སྤྲོད་པའི་སྣང་ཚུལ”ནི་སྨན་པ་དང་ནད་པའི་དབར་གྱི་ཚོར་སྣང་སྐྱེན་པའི་བརྗོད་གཞི་ཞིག་རེད། “ལོ་འདི་དག་ནང་སྲིད་གཙང་སྨན་ཁང་འཛུགས་སྐྱོང་གཏིང་ཟབ་བྱེད་པ་དང་བསྟུན་ནས་སྨན་ཁང་ལ་སྤྱིར་ན་ཤོག་ཆག་ལེན་པའི་གནས་ཚུལ་ཐོན་མེད”ཅེས་ཧོའུ་པའོ་ཕིང་གིས་བརྗོད་པ་དང་། ཁོང་གིས“འོན་ཀྱང་ནད་པ་དང་ནད་པའི་ཁྱིམ་མི་ཉུང་ཤས་ཤིག་གིས‘སྨན་པར་ཤོག་ཆག་མ་སྤྲད་ཚེ་སྨན་བཅོས་ཡག་པོ་མི་བྱེད་པའི’གོ་འཛོལ་ད་དུང་ཐེབས་བཞིན་ཡོད”ཅེས་བརྗོད།

    མང་ཚོགས་ཀྱི་སེམས་ཁྲལ་མེད་པར་བཟོ་ཆེད། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་སྨན་པ་དང་ནད་པའི་དབར་གྱི་འབྲེལ་བ་ཞི་མཐུན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ཡོད།

    བཅར་འདྲི་བྱེད་རིང་། བཀྲ་ཤིས་དབང་འདུས་ཀྱི་བྲང་ཁར་བཏགས་པའི་ཏང་ཡོན་གྱི་རྟགས་མ་ལས་འོད་མདངས་འཚེར་ཞིང་། ཁོང་གིས“ངའི་ཁྱིམ་དུ་གཅེན་གཅུང་མིང་སྲིང་8ཡོད་པ་དང་། ཆུང་དུས་སུ་འཚོ་བ་ཧ་ཅང་ཞན། ཆུང་དུས་སྨན་ཁང་དུ་ན་ཚ་བསྟེན་པར་འགྲོ་སྐབས། ལུས་སུ་གྱོན་པའི་གོས་ཧྲལ་ཧྲུལ་ཡིན་ཡང་སྨན་པས་ང་ཚོར་སྐྱུག་བྲོ་མི་བྱེད་པར་ངང་རྒྱུད་རིང་པོས་ན་ཚ་བལྟས་བྱུང”ཞེས་གསར་འགོད་པར་བཤད་པ་དང་། ཁོང་གིས“ཆུང་དུས་ནས་སྨན་པས་ནད་པར་ཕྱོགས་རིས་མི་བྱེད་པ་མཐོང་བ་དེ་ནས་བཟུང་སྨན་པ་ཞིག་བྱེད་འདོད་སྐྱེས་བྱུང”ཞེས་བཤད།

    སྐལ་བཟང་དོན་གྲུབ་ནི་བཀྲ་ཤིས་དབང་འདུས་ཀྱིས་བལྟས་པའི་ནད་པ་རྙིང་པ་ཞིག་རེད། ཁོང་ལ་སྨན་བཅོས་བྱས་པ་བརྒྱུད། ལོ་མང་རིང་གི་ཀླད་སྙིང་ཁྲག་རྩའི་ནད་གཞི་རྙིང་པ་རིམ་གྱིས་དྲག་སྐྱེད་བྱུང་ཞིང་། ཁོང་གིས“དེ་སྔོན་མི་ལ་ལས་ངར་མཚན་འཁྱོངས་སྡོད་པ་དང་གཙང་མ་མེད་པའི་བཟའ་བཏུང་གིས་གཟུགས་པོར་གནོད་ལུགས་བཤད་ཀྱང་། ངས་རྩ་བ་ནས་ཉན་གྱི་མེད། རྗེས་སུ་བཀྲ་ཤིས་དབང་འདུས་ཀྱིས་ངང་རྒྱུད་རིང་པོས་ཁ་ཏ་བྱས་པར་ཉན་རྗེས། ངས་རིམ་བཞིན་གོམས་གཤིས་ངན་པ་དེ་དག་སྤངས་པ་ཡིན”ཞེས་བཤད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་ཁ་པར་བརྒྱབ་ནས་འཚམས་འདྲི་དང་སྒོ་རྩར་འཚམས་འདྲི་བྱེད་པ་སོགས་ཀྱི་ལམ་ལུགས་དང་། “སེམས་མཐུན་འབྲེལ་ཟམ”བཙུགས་ནས་སྨན་པ་དང་ནད་པའི་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པས། སྨན་པ་དང་ནད་པའི་དབར་ཕན་ཚུན་ཡིད་ཆེས་རིམ་གྱིས་ཆེ་རུ་ཕྱིན་ནས“ ཤོག་ཆག་སྤྲོད་པའི་སྣང་ཚུལ”རྒྱ་ཡན་དུ་བཏང་མེད།

    2022ལོའི་ཟླ་ལྔ་པར། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་གཏན་འབེབས་ལ་གཞིགས་ཏེ་སྨན་ཁང་དེའི་ནད་སྐྱོང་པུའི་ཀྲུའུ་རེན་ཡོན་ཏན་སྒྲོལ་མ་སོགས་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་གི་སྣེ་གདོང་སྡེ་ཁུལ་དུ་སྡོད་པའི་ནད་པ་ཞིག་གི་སྒོ་རྩར་འཚམས་འདྲི་བྱེད་པར་བསྐྱོད་ཡོད།

    “ང་ཚོ་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བྱེད་རིང་ཧ་ཅང་དགའ་པོ་བྱུང་། འབྲེལ་གཏུག་བྱས་པ་བརྒྱུད། ནད་པ་དང་ནད་པའི་ནང་མིའི་ས་ནས་སྨན་དོན་པས་ཤོག་ཆག་ལེན་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་པའི་རྒྱལ་ཁབ་དང་སྨན་ཁང་གི་ཆོད་སེམས་སྔར་བས་ཤེས་རྟོགས་ཐུབ་ནས་ནད་པ་དང་ནད་པའི་ཁྱིམ་མིའི་སེམས་ཁྲལ་བསལ་ཡོད”ཅེས་ཡོན་ཏན་སྒྲོལ་མས་གསར་འགོད་པར་བཤད་བྱུང་།

    ཧོའུ་པའོ་ཕིང་གིས“ཐག་གཅོད་དཀའ་བ་ནི་གཏན་ནས་ཐག་གཅོད་མི་བྱེད་པ་མིན་ཡང་། ང་ཚོས་བྱ་ཐབས་ནུས་ལྡན་ཧུར་ཐག་སྤྱད་དེ་རེ་རེ་བཞིན་ཐག་གཅོད་བྱས་ཚེ་གནད་དོན་རྦད་དེ་ཐག་གཅོད་ཐུབ་པའི་ཉིན་མོ་ཞིག་འཆར་ངེས་རེད”ཅེས་བཤད།

    བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ། “འཕྲལ་དཀའ་ཁྲལ་སྒུག”ཐག་གཅོད་བྱེད་དགོས།

    སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རིང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་མི་དམངས་ལ་བདེ་ཐང་ཡོང་བར་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྨན་པ་བསྟེན་པའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ། སྨན་བཅོས་ཀྱི་ཞབས་འདེགས་ལེགས་སུ་གཏོང་བ། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་སྨན་པ་བསྟེན་དཀའ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་བཅས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ཕན་འབྲས་དོན་གཉེར་ལ་བརྟེན་ཏེ་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    སྨན་པ་བསྟེན་རྒྱུ་ཚུད་པའི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ནི་གནད་སར་ཐབས་བཟང་འདོན་པ་དང་། དཀའ་སར་ཤུགས་རྒྱག་པ། འགག་སར་ཐབས་ཤེས་འཚོལ་བ་ཞིག་རེད། དེའི་ཁྲོད་བྱ་བ་ཆུང་ཙག་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་སྟེ། དེའང་བྱ་བ་ཆུང་ཙག་ནས་སྤྱོད་ཚུལ་མཐོང་ཐུབ་ལ། དམ་འཛིན་ནན་ཏན་དང་སྒྱུར་བཅོས་ཏན་ཏིག་བྱས་ཡོད་མེད་ཀྱང་མངོན་ཐུབ་པས། བྱ་བ་ཆུང་ཙག་ནི་མི་རྣམས་ལ་སེམས་འགུལ་ཆེ་ཤོས་ཐེབས་ཀྱི་ཡོད་སྟབས། བྱ་བ་ཆུང་ཙག་གིས་མང་ཚོགས་ལ་འགྱུར་ལྡོག་ངོ་མ་ཚོར་བ་མ་ཟད། གདེང་འཇོག་གནད་ལ་འཁེལ་བ་ཡང་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།