འགན་འཁྲི་ཕྲག་ཏུ་ཁུར་ནས་ལས་དོན་ཡག་པོ་བསྒྲུབས། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་དམ་འཛིན་བྱས།
—— གཞིས་རྩེ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱི་ལོ་ཕྱེད་ཀྱི་དཔྱད་ཞིབ་དང་འགན་འཁྲི་སྒྲུབ་ཚུལ་སྐོར་བཀོད་པ།
“མིག་སྔར་ང་ཚོས་རྩིས་བཤེར་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་རྣམ་གྲངས་ཀྱི་གནད་དོན་ཁག་13དག་ཐེར་བྱས་པ་དང་ལེགས་གྲུབ་བྱུང་ཚད་93%ཟིན་ཡོད་ལ། ‘རྒན་ཡོལ་ཞུས་པའི་མི་སྣ་སླར་ཡང་གདན་ཞུ་བྱེད་པའི་ལམ་ལུགས’སོགས་སྨན་ཁང་གི་ལམ་ལུགས་12བཟོ་བར་སྐུལ་འདེད་བཏང་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་རྩིས་བཤེར་ཅུས་དཔལ་འབྱོར་འགན་འཁྲི་རྩིས་བཤེར་ཁོའོ་ཡི་ཁོའོ་ཀྲང་བཀྲ་ཤིས་ཕུན་ཚོགས་ཀྱིས་ལོ་ཕྱེད་རིང་གི་ལས་སྒྲུབ་སྙན་སེང་ཞུས་ནས་དཔྱད་ཞིབ་དང་ལེན་བྱས་པ་རེད།
དཔྱད་ཞིབ་བྱེད་འགོ་ཚུགས་རྗེས། གཞིས་རྩེ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱི་ལས་བྱེད་ལས་བཟོས་རེས་མོས་བྱས་ནས་ལས་ཀའི་འགན་འཁྲིར་དམིགས་ཏེ་གྲུབ་འབྲས་གླེང་བ་དང་། བྱ་ཐབས་བརྗོད་པ། གནད་དོན་འཚོལ་བ། དག་ཐེར་བྱེད་ཚུལ་བཤད་པ་བཅས་བྱས་ནས་ལོ་ཕྱེད་རིང་གི་ལས་དོན་སྒྲུབ་ཚུལ་སྙན་སེང་ཞུས་པ་རེད།
ད་རེས་ཀྱི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་ཞིབ་ཚོགས་འདུ་ནི། གཞིས་རྩེ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་དཔྱད་ཞིབ་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ཞིག་རེད། ལས་འགན་སྒྲུབ་ཚུལ་གསལ་ཞུའི་ཚོགས་འདུར་ལས་བྱེད་ལས་བཟོས་མི་སྒེར་གྱི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ཀྱི“ཀུན་སྤྱོད་དང་། འཇོན་ཐང་། ཧུར་བརྩོན། གྲུབ་འབྲས། སྤྱོད་གཙང”སོགས་དཔྱད་ཞིབ་བྱས་པ་མ་ཟད། “ལས་ཁུངས་སུ་ལས་འགན་སྒྲུབ་ཚུལ་གྱི་གསལ་ཞུ་དང་། དྲ་ཐོག་ནས་ལས་འགན་སྒྲུབ་ཚུལ་གྱི་གསལ་ཞུ། བརྙན་ལམ་ནས་ལས་འགན་སྒྲུབ་ཚུལ་གྱི་གསལ་ཞུ”བཅས་ཀྱི་བྱ་ཐབས་སྤྱད་དེ་སྐར་མ་དྲུག་ནང་ལོ་ཕྱེད་རིང་གི་རང་ཉིད་ཀྱི་ལས་དོན་སྒྲུབ་ཚུལ་སྙན་ཞུ་བྱས་ཡོད།
“ལོ་སྟོད་དུ་ང་ཚོའི་ཁོའོ་ཡིས་རིམ་རྩིས་བྱས་ན་རྣམ་གྲངས་ཀྱི་རྩིས་བཤེར་ལས་དོན་ཁག་103ལེགས་སྒྲུབ་བྱས་པ་དང་རྩིས་བཤེར་བརྒྱུད་དོན་དངོས་དང་མི་མཐུན་པའི་འགྲོ་གྲོན་ཉུང་དུ་བཏང་ནས་སྲིད་གཞུང་ལ་མ་དངུལ་སྒོར་ཁྲི་6511.99གྲོན་ཆུང་བྱས་ཡོད”
“ང་ཚོས་སྲོལ་རྒྱུན་གྱི་རྩིས་བཤེར་འདུ་ཤེས་སྒྱུར་ཏེ། ཞིབ་འཇུག་རྣམ་པའི་རྩིས་བཤེར་འཚོལ་ཞིབ་དང་བེད་སྤྱོད་བྱས་ནས་ནོར་སྲིད་སྔོན་རྩིས་དོ་དམ་ལས་དོན་ལ་སྐུལ་འདེད་བཏང་ནས་རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ཡོད།
“གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་སྒྲིག་སྲོལ་གྱི་རྩིས་བཤེར་དམིགས་ཚད་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཆེད། ང་ཚོས་དེ་སྔའི་སློབ་གསོའི་གྲོན་དངུལ་དོ་དམ་དང་སྤྱོད་པའི་རྩིས་བཤེར་བྱེད་ཐབས་རྐྱང་པ་དེ་སློབ་གསོའི་གྲོན་དངུལ་དོ་དམ་དང་སྤྱོད་པའི་ཁྲོད་ལྷག་པའི་གནད་དོན་ལ་བརྟེན་ནས་སློབ་གསོའི་སྒྲིག་སྲོལ་དང་ལམ་སྲོལ་དང་སྲིད་ཇུས་དོན་འཁྱོལ་སོགས་ཐད་ལྷག་པའི་གནད་དོན་ལ་ཐེར་འདོན་བྱེད་པའི་བར་སྒྱུར་བ་བྱས་ཡོད”
ལས་བྱེད་པ་ལ་ལས“ལས་ཁུངས་ཏང་སྤྱི་ཁྱབ་ཀྲི་པུའི་ཨུ་ཡོན་ཞིག་གི་ངོས་ནས། རྒྱུན་དུ་བཀོད་སྒྲིག་གང་བྱས་ན་དེ་ཁོ་ན་སྒྲུབ་པ་དང་ལས་ཁུངས་ཏང་འཛུགས་སྐྱོང་གི་ལས་དོན་ཐད་སྔོན་ལ་བསམ་བློ་གཏོང་རྒྱུ་མི་འདང་བ་དང་ཐབས་ཤེས་ཀྱང་མང་པོ་འདོན་ཐུབ་ཀྱི་མི་འདུག”ཅེས་བརྗོད་པ་དང་། ལ་ལས“རང་ཉིད་ལས་མི་རྙིང་པ་ཡིན་སྙམ་ནས་ཡར་བརྩོན་གྱི་བསམ་པ་མེད་པ་དང་ལས་ཀའི་ངར་ཤུགས་མི་འདང་བར”སྐྱོན་བརྗོད་བྱས་པ། ལ་ལས“ལས་ཀའི་བཀོད་སྒྲིག་ཚན་རིག་དང་མི་མཐུན་པ་དང་། ཉ་ཉུང་མཉམ་བསྲེས་བྱས་ཏེ་ལས་ཀའི་གཙོ་ཕལ་དབྱེ་འབྱེད་མི་ཐུབ་པ་དང་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་མེད་པའི”ངོས་འཛིན་བྱས་ཡོད།
ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་ཞིབ་ཚོགས་འདུ་འཚོགས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱི་ལས་བྱེད་ལས་བཟོ་ཚོས་ལས་དོན་ལ་ཕྱོགས་སྡོམ་དང་། གནད་དོན་ལ་དབྱེ་ཞིབ། མི་འདང་ས་བཙལ་འཚོལ་བཅས་ལ་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱིས་རྩིས་བཤེར་དང་མི་འདེམས་སྤྱོད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་འདེམས་སྤྱོད་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དོ་དམ་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། ལས་བྱེད་པའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་པ་བཅས་བྱས་ནས་རྩིས་བཤེར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་དཔུང་ཁག་གི་འགན་ལེན་བྱས་ཡོད།
“ད་ཐེངས་ཀྱི་ལས་འགན་སྒྲུབ་ཚུལ་གསལ་ཞུའི་ཚོགས་འདུར་ང་ཚོས་ལོ་སྟོད་ཀྱི་རྩིས་བཤེར་ལས་དོན་གྱི་ཕན་འབྲས་མངོན་པར་བྱས་ཡོད་ལ་ལས་ཀའི་ཉམས་མྱོང་ཡང་སྤེལ་རེས་ཐུབ་ཡོད། དེ་དང་ཆབས་ཅིག་ཉམས་མྱོང་གླེང་བ་དང་། ཧེ་བག་འཚོལ་བ། མི་འདང་ས་གསབ་པ་བཅས་བྱས་ཏེ་རྩིས་བཤེར་གྱི་བསམ་ཕྱོགས་ལེགས་སུ་གཏོང་བ་དང་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ནས་རྒྱལ་ཁབ་ཀྱིས་ང་ཚོར་དཀྲིས་པའི་འགན་འཁྲི་ཏན་ཏིག་འཁུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་རྩིས་བཤེར་ཅུས་སྤྱི་ཚོགས་འགན་སྲུང་རྩིས་བཤེར་ཁོའོ་ཡི་རིམ་པ་དང་པོའི་ཁོའོ་ཡོན་ཝང་ཧོན་གྱིས་བཤད།