དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་མི་རིགས་ལག་ཤེས་ལས་རིགས་མུ་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ།

    མི་རིགས་ལག་ཤེས་ཀྱི་ལས་གནས་ཐོག་ད་ཡོད་ལས་ཀ་བྱེད་མཁན་ཁྲི་3.4ལྷག་ཙམ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-07

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་མཁས་ཅན་གྱི་མིང་འདོགས་གཟེངས་བསྟོད་ཚོགས་འདུ་སྐབས་གསུམ་པ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་སྤྱི་ཡོངས་ཀྱི་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་མི་རིགས་ལག་ཤེས་བཟོ་ལས་ཐོ་འགོད་བྱས་ནས་མུ་མཐུད་གཉེར་སྐྱོང་བྱེད་བཞིན་པའི་གཉེར་སྐྱོང་བྱེད་པོ་2500ལྷག་ཙམ་ཟིན་པའི་ནང་གཞི་ཁྱོན་འབྲིང་ཡན་གྱི་ཁེ་ལས་6དང་ལས་ཀ་བྱེད་མཁན་ཁྲི་3.4ཡན་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། ད་ལྟའི་མཚམས་སུ་རང་ལྗོངས་ལ་མི་རིགས་བཟོ་རྩལ་ཐོན་རྫས་ཀྱི་ཚོས་གཞི་དང་སྣ་ཁ་2000ལྷག་ཙམ་ཡོད་པ་མ་ཟད། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། ལྷ་ས་གྲོང་ཁྱེར་གྱི་རྩེར་སོན་ཐང་ག་དང་གསེར་ཟངས་རྡུང་བ། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་གྱོན་ཆས་དང་སྲོལ་རྒྱུན་སྤོས། ལྷོ་ཁ་གྲོང་ཁྱེར་གྱི་ཟངས་རྡུང་། བོད་བཟོའི་ཤིང་བརྐོས། ཆབ་མདོ་གྲོང་ཁྱེར་གྱི་དངུལ་ཆས་དང་རྒྱན་ཆ། མཛེས་རྒྱན་རི་མོ། ཉིང་ཁྲི་གྲོང་ཁྱེར་གྱི་བོད་གྲི་དང་བི་ཤུ། ནག་ཆུ་གྲོང་ཁྱེར་གྱི་བལ་དང་པགས་པའི་ཐོན་རྫས་དང་སྣམ་བུ། མངའ་རིས་ས་ཁུལ་གྱི་རའི་ཁུ་ལུའི་ཐོན་རྫས་དང་ཤིང་ཕོར་བཅས་ཀྱིས་གཙོ་བོར་བྱས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་པ་དང་། ད་ཆ་ལྷ་ས་གྲོང་ཁྱེར་དང་། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ། པ་སྣམ་རྫོང་། སྙེ་མོ་རྫོང་། གྲ་ནང་རྫོང་བཅས་ཀྱི་མི་རིགས་ལག་ཤེས་བཟོ་ལས་གླིང་5ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།