འཛམ་གླིང་ཐོག་གི་བང་རིམ་ཉིས་བརྩེགས་ཀྱི་དཔྱང་ཟམ་རིང་ཤོས་ཀྱི་མཐོ་ལྕོག་ཨ་མ་རྦད་དེ་བསྐྲུན་ཟིན་པ།
ཟླ་8ཚེས་4ཉིན་མཐོ་ལྕོག་གཙོ་བོའི་ཀ་རྟེན་མཐའ་མ་དེ་ལུགས་བརྒྱབ་ཟིན་པ་དང་བསྟུན་ནས་ཀྲུང་གོ་འགྲིམ་འགྲུལ་མཁའ་དོན་ལས་གྲྭ་ཅུས་གཉིས་པས་བསྐྲུན་པའི་ཀོང་ཏུང་ཧྲེ་ཙེ་རྒྱ་མཚོའི་བགྲོད་ལམ་རྣམ་གྲངས་ཀྱི་ཀ་རྟེན་གཙོ་བོ་གཉིས་པོ་ལུགས་བརྒྱབ་ཟིན་ནས་རྗེས་མཐུད་ཀྱི་མཐུད་འབྲེལ་ཨར་སྐྲུན་དང་དེ་བཞིན་ལས་རིམ་གོང་མའི་བརྗེ་སྒྱུར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
ཧྲེ་ཙེ་རྒྱ་མཚོའི་བགྲོད་ལམ་ཀོང་ཏུང་ཞིང་ཆེན་དུ་གནས་པ་དང་། འགོ་འཛུགས་ས་ཀོང་ཀྲོའུ་གྲོང་ཁྱེར་ནན་ཧྲ་ཆུས་ཡིན་པ་དང་མཇུག་བསྡུ་ས་ཏུང་ཀོན་གྲོང་ཁྱེར་ཧུ་མོན་གྲོང་རྡལ་དུ་ཡིན་པ་དེའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་35ཙམ་ཡོད། དེའི་ནང་གཙང་སྒྲོལ་དུམ་བུར་ཟམ་པ་ཉིས་བརྩེགས་བརྒྱབ་པ་དང་རིང་ཚད་སྤྱི་ལེ་12.5ཙམ་ཟིན་ནས་ཀྲུའུ་ཅང་གཙང་པོའི་ངོགས་ཀྱི་བང་རིམ་ཉིས་བརྩེགས་ཀྱི་གཙང་སྒྲོལ་བགྲོད་ལམ་དང་པོ་དེ་ཡིན་པ་རེད། ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཧྲེ་ཙེ་རྒྱ་མཚོའི་ཟམ་ཆེན་དེར་སྨི་2180ཟིན་པའི་བང་རིམ་ཉིས་བརྩེགས་ཀྱི་དཔྱང་ཟམ་འཆར་འགོད་སྤྱད་དེ་གཙང་པོ་སྒྲོལ་བ་དང་དེ་ནི་འཛམ་གླིང་ཐོག་གི་བང་རིམ་ཉིས་བརྩེགས་ཀྱི་དཔྱང་ཟམ་རིང་ཤོས་དེ་ཡིན་པ་རེད།