དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཀྱིས་ལོ་སྟོད་དུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་76.97བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-06

    གསར་འགོད་པར་བོད་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱི་གཙོ་གནད་རྣམ་གྲངས་དང་བདེ་འཇགས་ཐོན་སྐྱེད་སྐུལ་སྤེལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོར་བོད་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་144.1གཏོང་རྩིས་ཡོད་པ་དང་། ལོ་སྟོད་དུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་76.97བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་12.5%འཕར་ནས་ལོ་སྟོད་དུ་མ་དངུལ་བཏང་བའི་ལས་འགན་གྱི་119%དང་ལོ་ཧྲིལ་པོའི་མ་དངུལ་བཏང་བའི་ལས་འགན་གྱི་53.4%ལེགས་གྲུབ་བྱུང་ནས“ཕྱེད་བརྒལ་གཉིས”ཀྱི་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་བ་རེད།

    འདི་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་མ་དངུལ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ས་གནས་དང་ཐིང་དབར་གྱི་གྲོས་མོལ་དང་། ཐིང་རིམ་པའི་དབར་གྱི་གྲོས་མོལ། ཐིང་འགོ་ཁྲིད་ཀྱིས་ས་ཁུལ་དང་གྲོང་ཁྱེར་འགན་གཙང་། ཟླ་རེར་བཀོད་གཏོང་། དུས་ཚིགས་རེར་བརྡ་ཁྱབ། ལོ་འཁོར་དཔྱད་ཞིབ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་བཙུགས་པ་དང་། གཙོ་གནད་རྣམ་གྲངས་ལ་མཉམ་དུ་ཞིབ་བཤེར་དང་ཆོག་མཆན་སྤྲོད་པ་དང་ཆ་རྐྱེན་མ་ཚང་ཡང་ཞིབ་མཆན་འགོད་པའི་ལམ་ལུགས་ལག་ལེན་བསྟར་བ། རྒྱུ་རྐྱེན་སྣ་ཚོགས་གཅིག་སྡུད་བྱེད་པ། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཏན་ཏིག་སྤེལ་བ། རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། གྲོང་ཁྱེར་གྱི་འགྲོ་ལམ་དང་། ཆུ་འདོན་འབུད། ས་བབ་མཐོ་སར་དྲོད་རླངས་མཁོ་འདོན་སོགས་གྲོང་ཁྱེར་དང་གྲོང་རྡལ་122ཀྱི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་བ་དང་། མ་དངུལ་སྒོར་དུང་ཕྱུར་22.08བཏང་བ་དེས་ལོ་འཁོར་གྱི་མ་འཇོག་ལས་འགན་གྱི་50%ཟིན་ཡོད། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་རྣམ་གྲངས་50ཡི་སྡོད་ཁང་21896ལག་ལེན་བསྟར་བར་མ་དངུལ་སྒོར་དུང་ཕྱུར་15.9བཏང་ཡོད། ཁུལ་ཆུང་རྙིང་པ་46སྒྱུར་བཀོད་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བར་རྣམ་གྲངས་ཀྱི་ལག་རྩལ་དཔྱད་ཞིབ་ལེགས་གྲུབ་བྱུང་བ་དང་། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.07མཐུན་སྦྱོར་དོན་འཁྱོལ་བྱས་པ། རྣམ་གྲངས་10ལས་འགོ་ཚུགས་པ་རེད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་བཙོག་ཆུ་གཙང་གསིང་སྒྲིག་བཀོད་12དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་8ལས་འགོ་ཚུགས་པར་མ་དངུལ་སྒོར་དུང་ཕྱུར་5.27བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།