དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་མང་པོས་རླངས་འཁོར་འགྲུལ་སྐྱེལ་བབས་ཚུགས་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-05

    ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུས་སློབ་གསོ་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་སོགས་སྡེ་ཚན་དང་ཚན་པ་བཅུ་དང་མཉམ་དུ《རླངས་འཁོར་འགྲུལ་སྐྱེལ་བབས་ཚུགས་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། བབས་ཚུགས་འཚམ་སར་བབས་ཚུགས་འཛུགས་པ་དང་རླངས་འཁོར་ཁ་བཀག་ས་འཚམ་སར་ཁ་བཀག་ས་འཛུགས་པའི་རྩ་དོན་གཞིར་བཟུང་། འགྲུལ་སྐྱེལ་བབས་ཚུགས་ཀྱི་བར་མཐོངས་བཀོད་པ་དང་། རིམ་པའི་གྲུབ་ཆ། ནུས་པ་བཅས་ལེགས་སུ་བཏང་ནས་མཐོ་སློབ་དང་། སྒོ་རྩིས་ཚོང་ཁང་། སྨན་ཁང་སོགས་འགྲུལ་པ་འདུ་འཛོམས་ཆེ་སར་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་བཀག་ས་འཛུགས་པ་དང་གནམ་ཐང་དང་མེ་འཁོར་བབས་ཚུགས་སུ་འགྲུལ་སྐྱེལ་རླངས་འཁོར་ཁ་བཀག་ས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་བཏོན་ཡོད།

    ཉེ་བའི་ལོ་ཤས་རིང་སྤྱི་དམངས་ཀྱི་ཕྱིར་སྐྱོད་གོམས་གཤིས་ལ་འགྱུར་ལྡོག་བྱུང་བ་དང་འགྲུལ་སྐྱེལ་ཞབས་ཞུའི་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་སོགས་ཀྱི་དབང་གིས་འགྲུལ་སྐྱེལ་བབས་ཚུགས་སུ་འགྲུལ་པ་ཉུང་དུ་ཕྱིན་པ་དང་སྒྲིག་ཆས་སྤྱོད་ཚད་ཀྱང་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་མ་ཟད། འགྲུལ་སྐྱེལ་བབས་ཚུགས་ཀྱི་ཞབས་ཞུའི་མཁོ་སྤྲོད་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་མངོན་གསལ་དོད་དུ་ཕྱིན་པས། ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་དགོས་མཁོ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། 《བརྡ་ཐོ》གཞིར་བཟུང་། གོམ་སྟབས་རྗེས་མར་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་འགྲུལ་སྐྱེལ་བབས་ཚུགས་ཀྱི་ད་ལྟའི་གཞི་ཁྱོན་ལེགས་སྒྲིག་བྱས་ཏེ་ལུགས་མཐུན་བེད་སྤྱོད་དང་འཕྲལ་སྡོམ་གྲ་སྒྲིག་གི་རྩ་དོན་གཞིར་བཟུང་ནུས་པའི་ཁུལ་དབྱེ་འབྱེད་ལེགས་སྒྲིག་དང་། ཐོན་ཁུངས་བེད་སྤྱོད་བྱེད་ཚད་མང་དུ་གཏོང་བ། འཁོར་རྒྱུག་གི་མ་གནས་དམའ་རུ་གཏོང་བ་བཅས་བྱས་ནས་འགྲུལ་སྐྱེལ་བབས་ཚུགས་ཀྱིས་ཚད་ལྡན་ངང་རླངས་འཁོར་ཁ་བཀག་ས་འཁོར་སྐྱོད་ཐུབ་པར་རྒྱབ་སྐྱོར་བྱ་རྒྱུ་རེད།

    འགྲུལ་སྐྱེལ་བབས་ཚུགས་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 《བརྡ་ཐོའི》ནང་འགྲུལ་སྐྱེལ་བབས་ཚུགས་སུ་གློག་གསོག་སྒྲིག་བཀོད་བསྐྲུན་པ་དང་། ཟོག་འགྲེམས་དང་སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུ་མང་དུ་གཏོང་བ། སྤྱི་སྤྱོད་རླངས་འཁོར་ཐོན་སའི་བབས་ཚུགས་དང་མཐའ་མའི་བབས་ཚུགས་དང་རླངས་འཁོར་འཇོག་སའི་ནུས་པ་ཆེ་རུ་གཏོང་བ། བོགས་གཏོང་རླངས་འཁོར་གྱི་རླངས་འཁོར་འཇོག་ས་དང་འགྲིམ་འགྲུལ་ཡོ་ཆས་འཇོག་ས་མཉམ་སྤྱོད། རླངས་འཁོར་བོགས་གཏོང་དང་ཁ་ལོ་བ་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་བཅས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་ཆབས་ཅིག་འགྲུལ་སྐྱེལ་བབས་ཚུགས་སུ་ཡུལ་སྐོར་ལྟེ་གནས་བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ་ཡུལ་སྐོར་རླངས་འཁོར་ཐད་གཏོང་དྲ་བ་འཐུས་སྒོ་ཚང་དུ་བཏང་ནས་དྲ་ཐོག་ཚོང་དོན་དང་། མགྲོན་ཁང་ཞག་སྡོད། རླངས་འཁོར་འཚོང་རྗེས་ཀྱི་ཁྲོམ་ར་སོགས་ཀྱི་ཞབས་ཞུའི་ལས་དོན་སྤེལ་རྒྱུར་ལྕག་སྐུལ་བྱེད་དགོས་པ་དང་། གཞན་ཡང་འགྲུལ་སྐྱེལ་བབས་ཚུགས་ཀྱིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་འཚམ་པ་དང་དེ་བཞིན་གཞི་རྩའི་འགྲུལ་སྐྱེལ་ཞབས་ཞུའི་ནུས་པ་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་སྤྱོད་ཕྱོགས་བསྡུས་གསར་སྤེལ་ལག་བསྟར་ལ་རྒྱབ་སྐྱོར་བྱེད་དགོས་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།