2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་ཟླ་8ཚེས་10ཉིན་འགོ་ཚུགས་ཀྱི་ཡོད་པ།
ཟླ་8ཚེས་1ཉིན་གསར་འགོད་པར་ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འཐབ་བྱེད”པའི་བྱེད་སྒོ་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་འཆར་ཅན་རྟ་རྒྱུག་དུས་ཆེན་ཟླ་8ཚེས་10ཉིན་ནག་ཆུ་གྲོང་ཁྱེར་གེ་སར་རྟ་རྒྱུག་ཐང་དུ་འགོ་འཛུགས་ཀྱི་ཡོད་པ་དང་ཟླ་8ཚེས་12ཉིན་མཇུག་འགྲིལ་གྱི་ཡོད།