དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-04

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས“ཁྱད་ལྡན་དང་། རྩེར་སོན། སྤུས་ལེཌ”བཅས་ཀྱི་འཕེལ་རྒྱས་ཀྱི་ཐབས་ལམ་འབུར་དུ་ཐོན་པར་བྱས་ནས་ཚོང་གཉེར་ཁྱབ་སྤེལ་གཏིང་ཟབ་ཏུ་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་དམངས་ལ་ཕན་འདོགས་རྒྱུར་སྐུལ་འདེད་བཏང་ཐོག་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རོཌ་སྐྱོར་དང་བྱ་དགའི་སྲིད་ཇུས་བཏོན་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་མང་པོར་སྐོར་སྐྱོད་འོས་སྦྱོར་བྱེད་པར་བསྐྱོད་པ། ལྗོངས་ཕྱི་ནང་གི་ཡུལ་སྐོར་ཚོང་པ་སྒྲིག་འཛུགས་བྱས་ནས་ཡུལ་སྐོར་ལམ་ཐིག་འཚོལ་བའི་བྱེད་སྒོ་སྤེལ་བ་སོགས་བྱེད་ཐབས་སྣ་མང་བརྒྱུད“བོད་མིའི་འབྱུང་ཁུངས་ལྷོ་ཁ། གངས་ལྗོངས་ཀྱི་མཛེས་རྒྱན”ཞེས་པའི་ཡུལ་སྐོར་སྤུས་རྟགས་སྐྱེད་སྲིང་བྱས་ཏེ། ལྷོ་ཁའི་ཡུལ་སྐོར་དེ་འགྲུལ་རྒྱུན་ཁྲོམ་ར་ནས་འཕེལ་རྒྱས་ཡག་པོ་བྱུང་བ་དང་། དུས་ཚིཌ་དང་པོར། གྲོང་ཁྱེར་དེས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་83ལ་སྣེ་ལེན་ཞུས་པར། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.9ཟིན་པ་དེ་དུས་མཚུངས་ལས་24%དང་17%སོ་སོར་འཕར་ནས། ལྷོ་ཁའི“ཡུལ་སྐོར་ཆེ་མོའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་གསར་པ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།