ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་ཡུལ་སྐོར་གྲགས་ཅན་རྫོང་འཛུཌ་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་གསར་བརྗེའི་རིག་གནས་ཀྱི་ཉིང་བཅུད་ཟབ་མོ་དང་ས་བབ་ཀྱི་ལེགས་ཆ་བཟང་པོར་བརྟེན་ནས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པའི”མཉམ་འདྲེས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རིམ་པ་ཁག་དང་སྡེ་ཚན་ཁག་གི་ལས་ཀའི་འགན་འཁྲི་སྔར་བས་དམ་ནན་དུ་བཏང་སྟེ། བོད་ཀྱི་ཡུལ་སྐོར་གྲགས་ཅན་རྫོང་འཛུགས་གཏོད་ཀྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་རེད།
ཉེ་ཆར་སྨར་ཁམས་རྫོང་གིས“རྒུན་འབྲུམ་ཨ་རག་དང་ཁམ་བུའི་མེ་ཏོག་དུས་ཆེན”སྐབས་ལྔ་པའི་བྱེད་སྒོ་སྤེལ་བར་ཚོང་དུད་30ལྷག་ཙམ་ཞུགས་པ་དང་། ཉིན་དེ་རང་དུ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཟིན་ཡོད། རྫོང་དེའི་དྲ་ཐོག་མིང་ཅན་ངག་དབང་བསྟན་རྒྱས་དང་ཚྭ་ཞིང་གི་བུ་མོ་བཀྲ་ཤིས་ལྷ་མོ་སོགས་ཀྱིས་འཁྱུག་དབྱིངས་ལས་སྟེཌ་བརྒྱུད་ས་གནས་ས་ཐོག་ཏུ་ཚོང་ཟོག་ཕྱིར་ཚོང་བྱས་པར་ཡོང་འབབ་སྒོར་8336རག་པ་རེད།
གཞན་ཡང་སྨར་ཁམས་རྫོང་གིས་མ་དངུལ་སྒོར་ཁྲི་6000ཙམ་སྤྱི་འདོམས་བྱས་ནས“སྤང་མདའ་ཚང”ཉམས་གསོ་སྲུང་སྐྱོང་དང་དེ་བཞིན་འགྲེམས་སྟོན་བཀོལ་སྤྱོད་ལས་གྲྭ་དང་། “བདག་དམར་གཡང་གི་བསམ་པའི”ལྗོངས་གཟིགས་སྟེགས་བུ། བྲག་སྒོ་ཕྱེ་གྲོག་རོང་ཆེ་མོ། གངས་ལྗོངས་སྐར་ཁུང་ཡུལ་སྐོར་ཞབས་ཞུའི་ལས་སྟེགས། སྤྲོ་སྤྲོ་ཁམས་པའི·ཚྭ་ཞིང་གི་རྒུན་འབྲུམ་ཨ་རག་དང་འཁོར་ཁྲིད་ཡུལ་སྐོར་སྒར་ས། བོད་དུ་སྐྱོད་པའི་ལམ་བུ་གཙོ་བོ་སྟེ་རྒྱལ་ལམ་318དང་214བཅས་རྣམ་གྲངས་ཁག་དང་པོར་བཞག་སྟེ་འཛུགས་སྐྲུན་བྱས་པ་དང་། དེའི་རྨང་གཞིའི་ཐོག་འཇང་རིགས་དམངས་སྲོལ་ཁྲོམ་གཞུང་དང་། གནམ་བདག་ཆོས་ཁང་། ལ་རྒྱབ་ཤོད་ཁྱད་ལྡན་དམངས་སྲོལ་གྲོང་ཚོ། ལྕགས་རྟ་དམངས་སྲོལ་གྲོང་ཚོ་བཅས་བཞི་འཛུགས་སྐྲུན་བྱས་པ་རེད།