དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཝ་པ་གླིང་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་སྐུལ་འདེད་གཏོང་བ།

    མི་རིགས་ཁག་གི་མང་ཚོགས་རྣམས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-04

    “ལྷ་སའི་གྲོང་ཁུལ་གྱི་མི་རིགས་ཁག་ཉ་ཆུ་ལྟར་བརྩེ་བ་ཟབ་མོ་ཡོད”མི་རིགས་མཐུན་སྒྲིལ་གྱི་སྐོར་བརྗོད་ན་ལོ་83ལ་སླེབས་པའི་ཧུད་རིགས་ཀྱི་རྒན་མོ་ཧ་ལི་མར་རང་ཉིད་ཀྱི་ལྟ་ཚུལ་བརྗོད་རྒྱུ་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་དུ་སྡོད་མཁན་ཧ་ལི་མའི་ཁྱིམ་ལ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་ཡོད་པ་དང་། མི་རིགས་མང་བའི་ཁྱིམ་ཚང་འདིའི་ནང་མི་ཕན་ཚུན་འཆམ་ལ་མཛའ་ཞིང་བརྩེ་བ་ཟབ་པ་མ་ཟད། ད་དུང་སེམས་རྩ་འཁོལ་པོས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་ཡང་བྱེད་ཀྱི་ཡོད་པས་གྲོང་པ་ཁྱིམ་མཚེས་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད།

    ཝ་པ་གླིང་སྡེ་ཁུལ་ལྷ་ས་སྐྱིད་ཆུའི་འགྲམ་དུ་གནས་ཤིང་། སྡེ་ཁུལ་འདི་བོད་རིགས་དང་། ཧུད་རིགས། རྒྱ་རིགས། ཡུ་གུར་རིགས་སོགས་མི་རིགས་11ལས་གྲུབ་པ་དང་དུད་ཚང་127ཡོད་པ་དེ་དག་ཧ་ལི་མའི་ཁྱིམ་ཚང་དང་འདྲ་བར་མི་རིགས་མང་བའི་ཁྱིམ་ཚང་རེད། སྡེ་ཁུལ་གྱི་མི་རིགས་ཁག་གི་གྲོང་མི་ཚོ་སྤུན་མཆེད་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པས་ས་མཐོའི“སེ་འབྲུའི་རྡོག་ལྟར་གྱི་ཁྱིམ་གཞིས”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།

    ལོ་མང་རིང་ཝ་པ་གླིང་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཞི་རྟེན་དུ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་། “སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལ་མཉམ་དུ་གྲོས་བསྡུར་དང་། སྡེ་ཁུལ་གྱི་ལས་དོན་ལ་མཉམ་དུ་དོ་དམ། སྡེ་ཁུལ་གྱི་ཐོན་ཁུངས་མཉམ་སྤྱོད། སྡེ་ཁུལ་གྱི་ཤེས་དཔལ་མཉམ་གཏོད། སྡེ་ཁུལ་གྱི་དཀའ་གནད་མཉམ་དུ་སེལ་བ། སྡེ་ཁུལ་གྱི་བྱེད་སྒོ་མཉམ་གཉེར”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་ཐབས་མང་མཉམ་སྤྱོད་ཀྱིས་དམངས་ཕན་ལས་དོན་བསྒྲུབས་པས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།

    ཏང་གི་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་སྔར་བས་དྲིལ་བསྒྲགས་དང་དོན་འཁྱོལ་ཡག་པོ་བྱས་ནས་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ཀྱིས་ཏང་གི་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པར་རྒྱུས་མངའ་ལོན་པ་དང་། ཤེས་རྟོགས་ཐུབ་པ། ལོངས་སྤྱོད་ཐུབ་པ་བཅས་བྱ་ཆེད། ཝ་པ་གླིང་སྡེ་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ”དང་།“3·28བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”སོགས་ཀྱི་དུས་ཚིགས་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་བཞུགས་མོལ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་ལ་གཟེངས་བསྟོད། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་པས་གྲོང་མི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།

    ད་ཆ་ཝ་པ་གླིང་སྡེ་ཁུལ་དུ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་དང་དྲ་མིག་ཏང་ཀྲི་པུའུ་ལྟེ་བར་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཤིག་ཆགས་ནས“ས་ཚིགས་སུ་ཞབས་འདེགས་ཞུ་བ་དང་ས་ཚིགས་སུ་རྩོད་གཞི་ཐག་གཅོད་ཐུབ”ནས་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་ཐུབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཞི་མཐུན་སྡེ་ཁུལ་བསྐྲུན་པར་སྐུལ་འདེད་གཏིང་ཟབ་ཐུབ་ཡོད། དེའི་ནང་ནས་གྲངས་ཉུང་མི་རིགས་ཀྱི་ཞབས་ཞུའི་སྐར་ཁུང་དེ་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་རྒྱུན་གཏན་གྱི་བློ་འདྲི་བྱེད་ས་ཡིན་པའི་ངོས་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ལས་དོན་གྱི་འགོ་འཛུགས་སར་བརྩིས་ནས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་བློ་འདྲིའི་ཐད་ཀྱི་དཀའ་གནད་འཕྲལ་མར་སེལ་རོགས་བྱས་པ་མ་ཟད། དེ་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་དགོས་མཁོ་ཐོ་འགོད་བྱེད་སར་ཡང་བརྩིས་ཏེ་གྲངས་ཉུང་མི་རིགས་མང་ཚོགས་ལ་དགོས་མཁོ་དང་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།