དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་གཏོང་བའི་ཆིངས་ཡིག》གིས་འཛམ་གླིང་གི་བདེ་འཇགས་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དུས་རབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-08-04

    ཟླ་7ཚེས་31ཉིན་ཕྱི་འབྲེལ་པུའི་དམག་དོན་ཚོད་འཛིན་སིའི་སི་ཀྲང་སུན་ཞའོ་པོ་ཝི་ཨེན་ནར《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་གཏོང་བའི་ཆིངས་ཡིག》གི་གྲོས་ཞིབ་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གྲ་སྒྲིག་ཚོགས་འདུ་ཐེངས་དང་པོར་ཞུགས་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱི་ཉིང་རྡུལ་ཁྱབ་ཁོངས་བཅོས་སྐྱོང་གི་འདོད་ཚུལ་རྒྱས་བཤད་བྱས་པ་རེད།

    སུན་ཞའོ་པོས། འཐབ་ཇུས་དོ་སྙོམས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚུལ་མཐུན་དངོས་སྒྲུབ་ཀྱི་སྒོ་ནས་ཉིང་རྡུལ་མཚོན་ཆ་ཉུང་འཕྲི་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་སྔར་ནས་ད་བར་ཉིང་རྡུལ་མཚོན་ཆ་ཕྱོགས་ཡོངས་ནས་བཀག་འགོག་དང་རྩ་སྟོང་ནས་མེད་པ་བཟོ་རྒྱུའི་འདོད་ཚུལ་འཛིན་ནས། དུས་དང་གནས་ཚུལ་གང་རུང་ཞིག་གི་འོག་ཏུ་ཡང་དང་ཐོག་ཉིང་རྡུལ་མཚོན་ཆ་མི་སྤྱོད་པ་དང་། ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཉིང་རྡུལ་མཚོན་ཆ་མེད་པའི་རྒྱལ་ཁབ་དང་ཉིང་རྡུལ་མཚོན་ཆ་མེད་པའི་ས་ཁུལ་ལ་ཉིང་རྡུལ་མཚོན་ཆ་བེད་སྤྱོད་མི་བྱེད་པ། ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཉིང་རྡུལ་སྟོབས་ཤུགས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་དགོས་མཁོའི་ཆུ་ཚད་དམའ་ཤོས་སུ་རྒྱུན་འཁྱོངས་བྱེད་པ། རྣམ་པ་གང་རུང་གི་དམག་གྲབས་འགྲན་བསྡུར་ནང་མི་ཞུགས་པ་བཅས་ཀྱི་ཁས་ལེན་བྱས་ཡོད། ཉིང་རྡུལ་མཚོན་ཆའི་མཛོད་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ཀྱིས་ཉིང་རྡུལ་མཚོན་ཆ་ཉུང་འཕྲི་དམིགས་བསལ་དང་སྔོན་བསྟར་གྱི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ《འཐབ་ཇུས་ཀྱི་གོ་མཚོན་ཉུང་འཕྲིའི་ཆིངས་ཡིག་གསར་པ》མུ་མཐུད་ལག་བསྟར་ནུས་ལྡན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཉིང་རྡུལ་མཚོན་ཆའི་མཛོད་ཉུང་དུ་ཤུགས་ཆེན་བཏང་ནས་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་གཞན་དག་ཉིང་རྡུལ་མཚོན་ཆ་ཉུང་འཕྲིའི་འཕེལ་རིམ་ནང་ཞུགས་རྒྱུར་ཆ་རྐྱེན་གཏོད་དགོས་ཞེས་བརྗོད་པ་རེད།

    སུན་ཞའོ་པོས། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་ཉིང་རྡུལ་ཁྱབ་འགྱེད་མི་གཏོང་བའི་མ་ལག་སྲུང་སྐྱོང་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་ཀྱི་ཕྱི་འབྲེལ་བརྒྱུད་དབྱི་རན་གྱི་ཉིང་རྡུལ་གནད་དོན་དང་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་སོགས་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱས་ནས། འཛམ་གླིང་དབུས་ཤར་ས་ཁུལ་དུ་ཉིང་རྡུལ་གནད་དོན་མཚོན་ཆ་མེད་པ་དང་དེ་བཞིན་གཞི་ཁྱོན་ཆེ་བའི་གསོད་རྨས་རང་བཞིན་གྱི་གོ་མཚོན་མེད་པའི་ཁུལ་འཛུགས་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་དགོས། ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཀྱིས་འབྲེལ་ཡོད་ཉིང་རྡུལ་མཚོན་ཆ་མེད་པའི་ཁུལ་གྱི་ཆིངས་ཡིག་གི་གྲོས་ཆོད་ཡི་གེར་གང་མགྱོགས་ཆོག་མཆན་སྤྲོད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས《ཨེ་ཤེ་ཡ་ཤར་ལྷོའི་ཉིང་རྡུལ་མཚོན་ཆ་མེད་པའི་ཁུལ་གྱི་ཆིངས་ཡིག》གི་གྲོས་ཆོད་ཡི་གེར་སྔོན་ལ་མིང་རྟགས་འགོད་འདོད་ཡོད་ཅེས་བསྐྱར་བསྒྲགས་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་གང་འདྲ་ཞིག་གིས་ཀྱང་ས་འབྲེལ་ཆབ་སྲིད་ཀྱི་སྒེར་ཕན་ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་གཏོང་བའི་ཐོག་ཏུ་བཞག་ན་མི་འགྲིག ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་ཀྱི་ཉིང་རྡུལ་ཆུར་འཛུལ་དམག་གྲུའི་མཉམ་ལས་ཀྱིས་ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་པ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྒོ་དབྱེ་དང་། བསྟུན་མཁས། ཁ་གསལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྲིད་གཞུང་དབར་གྱི་འཕེལ་རིམ་བརྒྱུད་འབྲེལ་ཡོད་འགན་ལེན་ལྟ་སྐུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས་ནས་གྲོས་མོལ་གཅིག་གྱུར་ཐོག་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།