དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞིབ་བསྡུར་བཅོས་སྒྲིག་གཏིང་ཟབ་ཀྱིས་ལག་ལེན་ལ་སྣང་ཆེན་བྱེད། བྱ་སྤྱོད་དངོས་ལ་བརྟེན་ནས་ཕན་འབྲས་དོན་གཉེར་བྱེད།

    —— རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་བཅོས་སྒྲིག་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-04

    བརྒྱ་ཆ་བཅུ་བཀོད་སྒྲིག་ལ་ཐུག་ན་བརྒྱ་ཆ་དགུ་བཅུ་དོན་འཁྱོལ་ལ་ཐུག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་ཐུབ་མིན་གྱི་འགག་རྩ་དེ་མཐར་གཏུགས་ནས་བརྗོད་ན་དངོས་ཡོད་གནད་དོན་ཐག་གཅོད་དང་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་བཏང་བའི་ཕན་འབྲས་གང་འདྲ་ཡོད་མེད་ལ་ལྟ་དགོས་པ་དང་། མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་མངོན་འགྱུར་ཡོང་བར་བྱེད་དགོས།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་འགོ་ཚུགས་པ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དག་ཐེར་བཅོས་སྒྲིག་བྱ་རྒྱུ་དེ་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། བྱ་སྤྱོད་དངོས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག ཞིབ་བཤེར་དག་ཐེར་སོགས་ཀྱི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། “གནད་དོན་གྱི་གསལ་ཐོ”རེ་རེ“གྲུབ་འབྲས་ཀྱི་གསལ་ཐོར”འགྱུར་བར་བྱེད་པ་བཅས་བྱས་ཏེ། རྣམ་པ་གསར་པ་དང་བྱ་སྤྱོད་གསར་པའི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།

    རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་ཕུགས་བསམ་དང་དད་སེམས་ཀྱི“གཅུས་སྒོ་ཨ་མ”ཁོང་དུ་བརྟན་པོ་ཆུད་པར་བྱས་པ།

    མདུན་སྐྱོད་ཀྱི་སྒུལ་ཤུགས་ནི་དད་མོས་ལས་བྱུང་བ་དང་བྱ་སྤྱོད་ཀྱི་སྣེ་ཁྲིད་ནི་བསམ་བློ་ལས་བྱུང་བ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན་ལ་ནམ་ཡང་འགྱུར་བ་མེད་པའི་ཚེ་གང་གི་ཞིབ་འཇུག་བྱ་གཞིའང་ཡིན།བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་ཀྱིས་དག་ཐེར་བཅོས་སྒྲིག་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ། 《བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་རྟེན་འབྲེལ་འཕྲིན་ཡིག་དང་འཕྲིན་ལན་ཕྱོགས་བསྒྲིགས》རྩོམ་སྒྲིག་པར་སྐྲུན་བྱས་པ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། “གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། དག་ཐེར་བཅོས་སྒྲིག་ལ་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད། ཚན་པ་ཁག་དང་སྡེ་ཚན་ཁག་གིས་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་སློབ་ཁང་ཆེ་མོ་གཉེར་བ་དང་འགོ་ཁྲིད་གཙོ་བོའི་ཆེད་དོན་ཟུར་ཁྲིད་དང་། ཚན་ཁག་གི་ཁོངས་མིའི་སྤེལ་རེས་བགྲོ་གླེང་། ཀྲི་པུའུ་ཡི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ཟུར་ཁྲིད་འཆད་ཁྲིད་དང་བགྲོ་གླེང་སྤེལ་རེས་སོགས་བརྒྱུད་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་དང་ཆད་ལུས་མེད་པར་བྱས་ནས་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཆེར་གཏོང་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། དུས་ངེས་མེད་དུ་ཀྲི་པུའུ་ཁག་གི་སློབ་སྦྱོང་གི་འཕེལ་རིམ་དང་སློབ་སྦྱོང་གི་ཕན་འབྲས་ལ་ལྟ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་སྲིད་གཙང་སློབ་གསོའི་རྟེན་གཞི་སོགས་ལ་ལྟ་སྐོར་བྱས་ནས་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་སྲུང་བ་དང་གུས་སྐྲག་ཤེས་རྒྱུར་ཁྲིད་སྟོན་བྱས་ཡོད།

    གནད་དོན་ཐག་གཅོད་ཡག་པོ་ཐུབ་པར་སྐུལ་འདེད་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“རྩོམ་ཡིག་གལ་ཆེན”ཡག་པོ་བྲིས་པ།

    མཐའ་མཚམས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་འདྲི་བ་དང་། གྲོང་གསེབ་ཀྱི་གྲོང་རྡལ་ཆུང་ངུར་བསྐྱོད་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱེད་པ། གཏེར་ལས་བཟོ་གྲྭར་བསྐྱོད་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ཕན་འབྲས་འདྲི་བ། གཞི་རིམ་དུ་བསྐྱོད་ནས་སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚུལ་ལ་ལྟ་ཞིབ་བཅས་བྱས་ནས་གནད་སྨིན་ངང་གནད་དོན་བཙལ་འཚོལ་དང་ཐག་གཅོད་བྱས་ཡོད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་། “དོན་ཆེན་བཞི”གཅིག་གྱུར་ཐོག་དོན་འཁྱོལ། “འཛུགས་གཏོད་བཞི”སྤྱི་འདོམས་འཆར་འགོད་བཅས་བྱས་ནས། གནད་དོན་ཐག་གཅོད་བྱ་རྒྱུ་དེ་བཅོས་སྒྲིག་དང་བཅོས་སྒྲིག་བྱེད་ཚུལ་ལ་ལྟ་བའི་རྡོ་ཀ་ཤུ་ཁ་ལྟ་བུར་བརྩི་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་གཞི་ཚུགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་22ཞིབ་བཤེར་དག་ཐེར་བྱས་ཡོད། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་གཞི་ཚུགས་ནས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་ཐབས་ལ་ཞིབ་བསྡུར་བྱས་ཏེ། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་སྔར་བས་མགྱོགས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་75ཞིབ་བཤེར་དག་ཐེར་བྱས་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་གཞི་ཚུགས་ནས། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སོགས་ཀྱི་འབྲེལ་ཡོད་རྣམ་གྲངས་ཀྱི་ཨར་ལས་འཕེལ་རིམ་འགོར་བ་སོགས་ཀྱི་གནད་དོན་23ཞིབ་བཤེར་དག་ཐེར་བྱས་ཡོད། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་གཞི་ཚུགས་ནས་རིག་ལྡན་མཐའ་སྲུང་འཛུགས་སྐྲུན་རྣམ་གྲངས་སོགས་ཀྱི་གནད་དོན་12ཞིབ་བཤེར་དག་ཐེར་བྱས་ཏེ་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆ་སྒྲིག་མཉམ་སྐྲུན་སྔར་བས་གཏིང་ཟབ་ཏུ་བཏང་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐར་ཐུག་གི་དམིགས་ཡུལ་ནི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བ་བྱ་རྒྱུ་དེ་རེད། ད་ཆ་གངས་ལྗོངས་ས་མཐོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭ་གལ་ཆེན་ཁག་གཅིག་མགྱོགས་མྱུར་འཛུགས་སྐྲུན་བྱེད་བཞིན་ཡོད་པས། ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་ཕྱིན་པ་དང་། ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་སོགས་རི་ཆུའི་ལས་གྲྭ་གཉེར་བ་ལས། སྐྱེ་ཁམས་བཟང་པོ་དམངས་འཚོའི་བདེ་རྩར་ཕན་པའི་འཕེལ་རྒྱས་ཀྱི་གཞི་རྩར་གྱུར་པ། སྲོལ་རྒྱུན་གྱི་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་བཏང་བ་ལས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་དགའ་བའི་འཛུམ་མདངས་འཕྱུར་བ་མཐོང་རྒྱུ་ཡོད།

    མི་དམངས་ལྟེ་བར་བཟུང་ནས་མང་ཚོགས་བློ་ཡིད་ཚིམ་ཚད་དེ་ཤན་འབྱེད་ཀྱི་ཚད་གཞིར་བཟུང་བ།

    དམངས་ལ་ཕན་པའི་བྱ་བ་དེ། ཇི་ལྟར་ཆུང་ཡང་སྒྲུབ་པ་དང་། དམངས་ལ་གནོད་པའི་བྱ་བ་དེ། ཇི་ལྟར་ཆུང་ཡང་རིང་དུ་དོར། རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་ཐབས་ཇུས་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་བསམ་འཆར་བསྡུ་ལེན་སྒམ་75བཙུགས་པ་དང་། ཐད་སྦྲེལ་ཁ་པར་41དང་བཅར་འདྲི་བཞུགས་མོལ་ཐེངས་800ལྷག་ཙམ་ཁྱབ་བསྒྲགས་བྱས་པ། བསམ་འཆར་དང་གྲོས་འགོ་1161བསྡུ་ལེན་བྱས་ཡོད། དགོས་མཁོ་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་ས་བབ་མཐོ་བའི་ས་ཁུལ་གྱི་སློབ་གྲྭར་དྲོད་རླངས་མཁོ་འདོན་མི་འདང་བ་སོགས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་བཏོན་ནས། དམངས་འཚོའི་རིགས་ཀྱི་གནད་དོན་55ལ་ཞིབ་བཤེར་བྱས་པ་དང་། བྱིས་པ་འོན་པར་རྣ་བའི་གཤགས་བཅོས་དུས་ཐོག་ཏུ་མ་བྱས་པ་སོགས་མང་ཚོགས་ཀྱི་ཤེས་ཚོར་ཐུབ་པའི་ཐད་ཀའི་གནད་དོན་དག་ཆེད་དོན་བཅོས་སྒྲིག་ནང་བཅུག་ནས་བྱིས་པ་འོན་པ་15ཡང་བསྐྱར་རྣ་བས་ཐོས་ཐུབ་པར་བྱས་ཡོད། ཕན་འབྲས་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་ས་མཐོའི་མང་ཚོགས་ཀྱི་ཐབ་ཆས་བེད་སྤྱོད་དཀའ་བའི་གནད་དོན་ལ་དམིགས་ནས་ཐོན་རྫས་གསར་པ་སྒྲིག་འཛུགས་དང་ཞིབ་འཇུག་གསར་སྤེལ་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ནུས་ལྡན་བཏང་བ་དང་། སྲིན་བུ་རིའི་ས་བབ་ཤིན་ཏུ་མཐོ་བའི་གནས་སྤོས་བཀོད་སྒྲིག་ཁུལ་དུ་འཐུང་ཆུ་དཀོན་པའི་དཀའ་ངལ་དང“ཁྲོན་བོད་དང་ཁྲུང་བོད་ཀྱི་གཱ་གཅིག་ཀུན་འཐུས”ཀྱི་སྤྱི་ཚོགས་འགན་བཅོལ་ཞིང་ཆེན་སྒྲོལ་ནས་གཉེར་བ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་པར་མི་རིགས་ཁག་གི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་པ་རེད།

    ཏང་གི་རང་ངོས་གསར་བརྗེར་ནམ་ཡང་ཚར་དུས་མེད་པས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ“རྒྱུགས་འབུལ”གྱི་བསམ་པ་དང“རྒྱུག་པའི”གནས་སྟངས་རྒྱུན་འཁྱོངས་བྱེད་དགོས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག བློ་བརྟན་ཡར་བརྩོན། དངོས་སྒྲུབ་འགན་འཁུར་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་དག་ཐེར་བཅོས་སྒྲིག་གི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྤེལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།