དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ང་ཚོའི་འཚོ་བཅུད་ཧ་ཅང་ལྡན་པའི་བསམ་པའི་རྒྱགས་ཕྱེ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-03

    ལེ་ཚན་གཏོད་པའི་གཏམ།

    མིག་སྔར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་སྐབས་སུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཁོངས་གཏོགས་ལ་བརྟག་ཞིབ་གནང་སྐབས་བཏོན་གནང་བའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་སྤྱི་དམངས་ཅན་དང་གོ་བདེ་ཅན་གྱི་དྲིལ་བསྒྲགས་དང་ཁྱབ་གདལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁོང་དུ་ཆུད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་སུ་འགྱུར་བར་བྱ་ཆེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་སྤྱི་ཚོགས་ཚན་རིག་ཁང(མཉམ་འབྲེལ་ལྷན་ཚོགས) བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བཅས་ཀྱིས“ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱི་དམངས་ཅན”གྱི་ལེ་ཚན་མཉམ་དུ་འདོན་རྒྱུ་དང་འབྲེལ་ལྗོངས་ཕྱི་ནང་གི་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ་སྒྲིག་འཛུགས་བྱས་ནས་གོ་བདེ་བའི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཐུང་བྲིས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྱིམ་ཚང་ཀུན་ལ་ཁྱབ་པ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱ་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།

    ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་མཛུབ་ཁྲིད་དུ་བྱེད་པའི་རིགས་པའི་གཞུང་ལུགས་ནི་མར་ཁེ་སི་རིང་ལུགས་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི། དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་མཚོན་བྱེད་དུ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའང་བཏོད་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་རླབས་པོ་ཆེར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱུང་བ་མ་ཟད། རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཕྱིན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པའི་མཛུབ་ཁྲིད་ཀྱི་དགོངས་པ་ཞིག་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གཏད་ས་དང་ཕྱོགས་སྟོན་ཞིག་ཡིན།

    རིགས་པའི་གཞུང་ལུགས་འདི་ནི་མི་དམངས་ཀྱི་རིགས་པའི་གཞུང་ལུགས་ཤིག་དང་། མི་དམངས་གོང་དུ་བཀུར་བ་དང་མི་དམངས་ཀྱི་ཆེད་དུ་སྐད་ཆ་ཤོད་རྒྱུ་མཐའ་འཁྱོངས་བྱེད་མཁན་གྱི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་དེས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་མཚོན་བཞིན་ཡོད། རིགས་པའི་གཞུང་ལུགས་འདི་མི་དམངས་ལས་བྱུང་བ་དང་མི་དམངས་ཀྱི་ཆེད་དུ་ཡིན་པ་མ་ཟད། མི་དམངས་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད་པས། མི་དམངས་ཀྱིས་འཇིག་རྟེན་ཤེས་རྟོགས་དང་སྒྱུར་བཀོད་ལ་མཛུབ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཡིན་པ་དེས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཏེ། རང་རེའི་རྒྱལ་ཁབ་དང་མི་དམངས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་པར་ཁྲིད་སྟོན་བྱས་ཡོད།

    རིགས་པའི་གཞུང་ལུགས་འདིར་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། རིགས་པའི་གཞུང་ལུགས་འདིའི་ཁྲིད་སྟོན་འོག་རང་རེའི་རྒྱལ་ཁབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། དེང་རབས་ཅན་གྱི་ལམ་བུར་སླར་ཡང་གོམ་ཞེང་ཆེན་པོ་ཞིག་སྤོས་ཡོད། འཛམ་གླིང་ཐོག་རང་རེའི་རྒྱལ་ཁབ་དང་མི་རིགས་འདི་སྤོབས་པ་བྱེད་འོས་པའི་རྒྱལ་ཁབ་དང་མི་རིགས་སུ་གྱུར་ཡོད། རང་རེའི་མེས་རྒྱལ་དེ་བས་དེང་རབས་ཅན་དང་། དེ་བས་ཞི་མཐུན། དེ་བས་མཛེས་སྡུག་ལྡན་པ་བཅས་ཀྱི་ཁྱིམ་གཞིས་སུ་གྱུར་ཡོད། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ཁོངས་མི་ཞིག་ཡིན་པའི་བོད་འདི་ཉིད་མཐའ་མཚམས་སུ་གནས་པ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ཞན་ཡང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་དེ་བས་དེང་རབས་ཅན་གྱི་ས་ཆར་གྱུར་བ་མ་ཟད། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

    མི་རྣམས་ལ་དངོས་པོའི་རྒྱགས་ཕྱེ་ཡོད་དགོས་ལ། བསམ་པའི་རྒྱགས་ཕྱེ་ཡང་ཡོད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་འཚོ་བཅུད་ལྡན་པའི་བསམ་པའི་རྒྱགས་ཕྱེ་ཡིན། དེའི་ནང་རྒྱལ་སྐྱོང་སྲིད་གཉེར་གྱི་ཕུན་སུམ་ཚོགས་པའི་དགོངས་པ་ཡོད་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་བ་ཡོད་པའི་བྱེད་ཕྱོགས་དང་སྲིད་ཇུས་ཀྱང་ཡོད་པ་དང་། ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡོད་ལ། ཡང་དག་པའི་ལངས་ཕྱོགས་ཀྱི་ལྟ་བ་དང་བྱེད་ཐབས་ཀྱང་ཡོད་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྲོ་སེམས་ཆེན་པོས་རང་རྟོགས་ངང་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ། བླ་ན་མེད་པའི་དད་སེམས་སྦྱོང་ཐུབ་པ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་རྟོགས་ཐུབ་པ། མཐུན་སྒྲིལ་འབད་འབུངས་ཀྱི་སྟོབས་ཤུགས་འཕེལ་ཐུབ་པ། དེ་བས་མཛེས་སྡུག་ལྡན་པའི་འཚོ་བར་འབད་བརྩོན་བྱེད་པའི་ངར་ཤུགས་འཕེལ་ཐུབ་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།