དབུ་ཤོག
  • ཁྱིམ་བདག་ཚོ། ཁ་པར་ཨང་གྲངས་འདི་དག་ཉར་ཚགས་གནང་དང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-08-02

    ལྷ་ས་གྲོང་ཁྱེར་གྱི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལེགས་སུ་གཏོང་བའི་བྱ་སྤྱོད་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལས་འགལ་བའི་གནད་དོན་གྱི་ཁུངས་སྣེ་དུས་ཐོག་ཏུ་འཚོལ་བསྡུ་དང་ཐག་གཅོད་བྱེད་པ། རང་འགུལ་ངང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་དབྱར་གསེང་རིང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་སྐོར་གྱི་དྲན་སྐུལ་གསར་པ་ཁྱབ་བསྒྲགས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་སློབ་གསོ་ཅུས་ཀྱིས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ཐད་ཀྱི་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ཐད་ཀྱི་གནད་དོན་གྱི་ཁུངས་སྣེ་ཐེར་འདོན་གོང་ཞུ་དང་ལེན་བྱེད་པའི་སློབ་གསོ་གཙོ་གཉེར་སྡེ་ཚན་གྱི་ཁ་པར་ཨང་གྲངས་དང་ཡིག་སྒམ་གཤམ་གསལ་ཏེ། 

    ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས།

    ཐེར་འདོན་ཁ་པར། 0891-6325038

    0891-6339514

    གཅིག ཁྲེང་ཀོན་ཆུས་སློབ་གསོ་ཅུས།

    ཐེར་འདོན་ཁ་པར། 0891-6323539

    0891-6363367

    0891-6332026

    ཡིག་སྒམ། cgqjyjszb@126.com

    གཉིས། སྟོད་ལུང་བདེ་ཆེན་ཆུས་སློབ་གསོ་ལུས་རྩལ་ཅུས།

    ཐེར་འདོན་ཁ་པར། 0891-6152116

    0891-6154482

    ཡིག་སྒམ། DJzuofengban@163.com

    གསུམ། སྟག་རྩེ་ཆུས་སློབ་གསོ་ཅུས།

    ཐེར་འདོན་ཁ་པར། 0891-6142114

    ཡིག་སྒམ། 295133231@qq.com

    བཞི། ཆུ་ཤུར་རྫོང་སློབ་གསོ་ཅུས།

    ཐེར་འདོན་ཁ་པར། 0891-6162150

    ཡིག་སྒམ། 37262446@qq.com

    ལྔ། མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས(ལུས་རྩལ་ཅུས)

    ཐེར་འདོན་ཁ་པར། 0891-6132142

    ཡིག་སྒམ། 362856168@qq.com

    དྲུག ལྷུན་གྲུབ་རྫོང་སློབ་གསོ་ཅུས།

    ཐེར་འདོན་ཁ་པར། 0891-6122946

    ཡིག་སྒམ། lzxjyjszb@163.com

    བདུན། འདམ་གཞུང་རྫོང་སློབ་གསོ་ཅུས།

    ཐེར་འདོན་ཁ་པར། 0891-6112128

    ཡིག་སྒམ། dangxiongjtj@163.com

    བརྒྱད། སྙེ་མོ་རྫོང་སློབ་གསོ་ཅུས། 

    ཐེར་འདོན་ཁ་པར། 0891-6172210

    ཡིག་སྒམ། nmxjtj@163.com

    དགུ སྣེའུ་སྤྱི་ཚོགས་བྱ་གཞག་ཅུས།

    ཐེར་འདོན་ཁ་པར། 0891-6282837

    ཡིག་སྒམ། 1325939017@qq.com

    ད་ལོའི་ཆེད་དོན་བཅོས་སྒྲིག་བྱ་ཡུལ་གཙོ་བོ་ནི། སྒྲིག་འགལ་ངང་རིན་ཡོད་གསབ་ཁྲིད་བྱེད་པ་དང་། སློབ་མར་ལུས་ཆད་དང་རྣམ་པ་འགྱུར་བའི་ལུས་ཆད་གཏོང་བ། ཁྱིམ་བདག་གི་ས་ནས་ལག་རྟགས་དང་འབུལ་རྟེན་ལེན་པ། སློབ་མ་དང་འབྲེལ་བ་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ཚབས་ཆེན་ལ་དམིགས་ཏེ། དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་མེད་པ་དང་། དགེ་རྒན་གྱི་སྤྱོད་ཚུལ་ཡག་པོ་མེད་པ། དགེ་རྒན་གྱི་སྒྲིག་ལམ་ཡག་པོ་མེད་པ་སོགས་མང་ཚོགས་ཀྱིས་གླེང་མང་བ་དང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པའི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། དགེ་རྒན་གྱིས་ལས་རིགས་ཀུན་སྤྱོད་ལས་འགལ་བའི་བྱེད་སྤྱོད་སྤེལ་བ་དང་དེ་བདེན་པ་ཡིན་པ་རྩད་ཆོད་ཚེ། བཅའ་ཁྲིམས་དང་སྒྲིག་ཁྲིམས་སྒྲིག་སྲོལ་ལྟར་ཆད་པ་གཅོད་པའམ་ཡང་ན་ཐག་གཅོད་བྱེད་རྒྱུ་རེད། དགེ་རྒན་གྱི“ཆུ་ཚོད་བརྒྱད”ཕུད་པའི་དེ་བྱིངས་ཀྱི་གནས་ཚུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དགེ་རྒན་གྱི་སློབ་ཁྲིད་རྣམ་པ་ཚད་ལྡན་དུ་ཏན་ཏིག་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོས་སློབ་གསོའི་ཐོག་མའི་བསམ་འདུན་ཡག་པོ་སྲུང་བ་དང་། སློབ་གསོའི་འགན་འཁྲི་ཡག་པོ་འཁུར་བ། དགེ་རྒན་གྱི་ཀུན་སྤྱོད་དཔེ་བཟང་ཡག་པོ་སྟོན་པ་བཅས་ལ་ཁྲིད་སྟོན་བྱ་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས“ཁུར་པོ་ཡང་གཏོང་གཉིས”ཀྱི་སྲིད་ཇུས་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་བླང་བྱ་ནན་པོ་གཞིར་བཟུང་། དབྱར་གསེང་རིང་ཆེད་མངགས་མི་སྣ་སྒྲིག་འཛུགས་བྱས་ཏེ། ཆེད་དོན་ཞིབ་བཤེར་དང་མངོན་བཤེར་ལྐོག་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་ནས། སྒྲིག་འགལ་ངང་གསབ་ཁྲིད་བྱེད་པ་སོགས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལས་འགལ་བའི་བྱེད་སྤྱོད་ཐར་པར་གཏན་ནས་མི་གཏོང་བར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་རྒྱུ་མ་ཟད། ཁྱབ་ཁོངས་ངེས་ཅན་ནང་བརྡ་ཁྱབ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།