དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འདི་ལོའི་ལོ་སྟོད་དུ་བོད་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་19%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-02

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ཨོའུ་ཐེ་ཨོའུ་ཡིས་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ལས་མངོན་པར། 2023ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་105.76ཟིན་པ་དེ་དུས་མཚུངས་ལས་19%འཕར་ནས་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་7.4ཡིས་མཐོ་བ་ཡོད་པ་རེད། དེའི་ནང་དངོས་རྫས་ཚོང་ཟོག་གི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་85.9ཟིན་པ་དེ་དུས་མཚུངས་ལས་17.1%འཕར་བ་དང་། དངོས་རྫས་མིན་པའི་ཚོང་ཟོག་གི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་19.8ཟིན་པ་དེ་དུས་མཚུངས་ལས་28.5%འཕར་ཡོད་པ་རེད། ལྷག་པར་དུ་ཟླ་6པར་བོད་དུ་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་32.24ཟིན་པ་དེ་ཟླ་གོང་མའི་དུས་མཚུངས་དང་བསྡུར་ན་146.4%འཕར་ཡོད་པ་དང་། བྲིན་ཚོང་བྱས་པའི་ཚོང་ཟོག་གི་བསྡོམས་འབོར་ཁྲི་2107.1ཟིན་པ་དང་། དྲ་ཐོག་ཚོང་དོན་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཚད་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་སིལ་ཚོང་གི་དྲ་ཐོག་ཚོང་དོན་ལས་སྟེགས་ཁྱབ་ཚུལ་ནས་བལྟས་ན། ཅིང་ཏུང་དང་ཐེན་མའོ་ཡི་དྲ་རྒྱའི་སིལ་ཚོང་དངུལ་འབོར་གྱིས་46.5%དང་10.5%སོ་སོར་བཟུང་ནས་ཨང་དང་པོ་དང་གཉིས་པ་ཡིན་པ་རེད། ལྗོངས་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་གྱི་ཨང་རིམ་མདུན་གྲལ་གསུམ་དུ་སླེབས་པའི་གྲོང་ཁྱེར་དང་ས་ཁུལ་ཁག་ནི་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།