ཀན་སུའུ་ཅོ་ནེ་རྫོང་གིས་མོག་རོ་བཏབ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ།
འདི་ནི་ཟླ་7ཚེས་29ཉིན། ཅོ་ནེ་རྫོང་གནའ་ལུང་གྲོང་རྡལ་གནའ་ལུང་གྲོང་ཚོའི་མོག་རོ་འདེབས་འཛུགས་རྟེན་གཞིར་ཞིང་དུད་ཀྱིས་མོག་རོ་འཐུ་བཞིན་པ།
འདི་ནི་ཟླ་7ཚེས་29ཉིན། ཅོ་ནེ་རྫོང་གནའ་ལུང་གྲོང་རྡལ་གནའ་ལུང་གྲོང་ཚོའི་མོག་རོ་འདེབས་འཛུགས་རྟེན་གཞིར་ཞིང་དུད་ཀྱིས་མོག་རོ་ཉི་སྐམ་གཏོང་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཅོ་ནེ་རྫོང་གིས་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་མོག་རོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། མོག་རོ་འདེབས་འཛུགས་བྱ་རྒྱུ་དེ་རྫོང་དེ་ཡོངས་ཀྱི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། མིག་སྔར་ཅོ་ནེ་རྫོང་ལ་མོག་རོའི་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་4དང་། མཉམ་ལས་ཁང་35 འདེབས་འཛུགས་དུད་ཆེན་53བཅས་ཡོད་པ་དང་མོག་རོ་འདེབས་འཛུགས་རྟེན་གཞི་96བཙུགས་ནས“ཏང་རྩ་འཛུགས་+སྣེ་འདྲེན་ཁེ་ལས་+མཉམ་སྡེབ་དཔལ་འབྱོར་+རྟེན་གཞི་+ཤེས་ལྡན་པ་+ཞིང་དུད”ཀྱི་ཐོན་ལས་མཉམ་འགུལ་གྱི་ལམ་བུར་བསྐྱོད་དེ། ཐོན་ལས་འཁོར་འབྲེལ་ཧྲིལ་པོས་ཞིང་དུད་5680ལ་སྐུལ་ཁྲིད་བྱས་པར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་6000ཡན་ཟིན་ཡོད།