དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་དུ་མདུན་ལམ་ཆེན་པོ་ལྡན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-01

    འདི་ནི་ཡུན་ནན་ཞིང་ཆེན་ཅིང་ཧུང་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཡོད་པའི་ཀྲུང་ལོ་ལྕགས་ལམ་ཡེ་ཞང་ཀུའུ་བབས་ཚུགས་ཀྱི་ཟོག་འདྲེན་ར་བར་བཟོ་པས་དོས་སྒམ་འདེགས་བཞིན་པ།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཞིག་རེད། 2000ལོ་ནས་བཟུང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་ས་ཁོངས་དཔལ་འབྱོར་དངོས་ཚན་ཞིག་རེད། ཀྲུང་གོའི་མི་འབོར་ནི་ཧ་ལམ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་འབོར་བསྡོམས་འབོར་གྱི་ལྡབ་གཉིས་ཡིན་པ་དང་དཔལ་འབྱོར་གཞི་ཁྱོན་ཡང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལས་ཆེ་བ་ཡོད། ཀྲུང་གོའི་ལྷོ་ནུབ་ཁུལ་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་མང་པོ་དང་ས་འབྲེལ་ཡིན་པས་སྐུལ་འདེད་གཏོང་བཞིན་པའི་རྣམ་གྲངས་མང་པོ་ཞིག་ལ་སྐུལ་ལྕག་ཐེབས་ཡོད།

    ལོ་སི་རུ་ཀྲུང་གོས་ལོ་སིའི་རྒྱལ་ས་ཝན་ཐེན་ནས་ཀྲུང་གོའི་ལྷོ་ནུབ་ཁུལ་གྱི་གྲོང་ཁྱེར་ཁུན་མིང་བར་གྱི་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་ལ་མ་དངུལ་མཁོ་འདོན་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་མ་འཇོག་བྱས་པ་བརྒྱུད་ཁམ་ཕུ་ཁྲེར་ཡང་མྱུར་བགྲོད་གཞུང་ལམ་དང་། འཕྲིན་གཏོང་སྲུང་སྐར། རྒྱལ་སྤྱིའི་གནམ་ཐང་བཅས་ཀྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་བཞིན་ཡོད། ཐི་མོར་ཤར་མར་ཀྲུང་གོས་མ་འཇོག་བྱས་ནས་མྱུར་བགྲོད་གཞུང་ལམ་དང་གྲུ་ཁ་བསྐྲུན་ཡོད་པ་མ་ཟད། ད་དུང་ཀྲུང་གོའི་ཁེ་ལས་ལའང་ཐི་མོར་ཤར་མའི་རྒྱལ་ཁབ་གློག་དྲ་འཁོར་རྒྱུག་སྲུང་སྐྱོང་གི་རྣམ་གྲངས་འོས་ཐོབ་ཀྱང་བྱུང་ཡོད། ཧིན་རྡུ་ཉི་ཞི་ཡའི་སྤྱི་པའི་འགྲིམ་འགྲུལ་དང་ལྕགས་ལམ་ལའང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ཕན་པ་རག་ཡོད། ཝེ་ཐེ་ནམ་ལ་ཡང་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་གསར་པ་ཞིག་ཡོད། དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་ཀྲུང་གོས་འབར་མར་བཏང་བའི་མ་དངུལ་གྱི་གྲངས་འབོར་དེ་ཕྱི་རྒྱལ་ལ་མ་འཇོག་བྱེད་པའི་ཁྲོད་ཀྱི་ཨང་དང་པོ་ཟིན་གྱི་ཡོད། སིང་ཀ་ཕོར་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོའི་མཉམ་ལས་རོགས་ཟླ་རེད་ལ། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གཏོད་མཁན་ཁོངས་མིའི་རྒྱལ་ཁབ་ཀྱང་རེད།

    གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཆག་པའི་རྒྱབ་ལྗོངས་འོག ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་མང་ཆེ་བས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་རྨང་གཞིའི་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ནང་གི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་གོ་སྐབས་ཤིག་ལ་བརྩི་ཡི་ཡོད།

    —— ནེའུ་ཙི་ལན“གསར་འགྱུར་རྩོམ་སྒྲིག་ཁང”གི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།