དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་བཅའ་སྡོད་གཞུང་ཚབ་པས་བརྗོད་དོན།

    ཀྲུང་གོའི་ཁེ་ལས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “‘རྒྱུད་གཅིག་ལམ་གཅིག’གི་མཉམ་ལས་སྒྲོམ་གཞིའི་འོག་ཀྲུང་གོའི་ཁེ་ལས་ཀྱིས་རང་ངོས་ཀྱི་ལེགས་ཆ་བཏོན་ནས། གོ་ལ་ཧྲིལ་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། ལམ་རྒྱུད་རྒྱལ་ཁབ་ལ་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་འབོར་ཆེན་བསྐྲུན་ཡོད་པས། དེ་ནི་ང་ཚོས་ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་ཤེས་རྟོགས་བྱེད་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པའི་སྐར་ཁུང་གལ་ཆེན་ཞིག་རེད”ཅེས་ཟླ་7ཚེས་25ཉིན་ཀྲུང་གོར་བཅའ་སྡོད་ལེ་པ་ནོན་གྱི་གཞུང་ཚབ་ཆེ་མོ་བ་སྨི་ལི་ཡ·ཅ་པུར་གྱིས་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིར་འཚམས་འདྲི་བྱས་རྗེས་མྱོང་ཚོར་ཟབ་མོས་དེ་ལྟར་བརྗོད།

    ཉིན་དེར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་70ཡི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་བརྒྱ་ལྷག་ཙམ་གྱིས་ཀྲུང་གོ་ལྕགས་ལམ་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སིར་བསྐྱོད་དེ། ཀྲུང་གོའི་ཁེ་ལས་ཀྱིས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རིང་རྒྱལ་སྤྱི་དང་མཉམ་ལས་ཤུགས་ཆེན་བྱས་ནས། རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། རིན་ཐང་འཁོར་འབྲེལ་བཅས་དང་མཉམ་འདྲེས་བྱེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཧུར་ཐག་བྱས་པ་རེད།

    ཀྲུང་གོ་ལྕགས་ལམ་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་ཨར་སྐྲུན་ལས་གྲྭ་འགན་གཙང་ལེན་མཁན་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་ཀྲུང་གོ་ལྕགས་ལམ་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སིས་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ལ་གནམ་ཐང་དང་། གྲུ་ཁ། ཆུ་བེད་དང་ཆུ་གློག ཐོག་བརྩེགས་ཁང་ཆེན་ཨར་སྐྲུན་སོགས་ཀྱི་ལས་གྲྭའི་རྣམ་གྲངས་ཆེ་གྲས་ལག་ལེན་བསྟར་ཡོད། གཞུང་ཚབ་པ་ཚོས་ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། ལས་སྒོའི་གནས་ཚུལ། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་སོགས་ཀྱི་ངོ་སྤྲོད་ཉན་རྗེས། ཀྲུང་གོའི་ཁེ་ལས་ཀྱི་རྒྱལ་སྤྱིའི་ལས་སྒོ་འཕེལ་རྒྱས་ཀྱི་མདུན་ལམ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་སོགས་ཀྱི་གནད་དོན་ཐད་སྤེལ་རེས་བྱས་པ་རེད།

    ཀྲུང་གོར་བཅའ་སྡོད་པ་པ་ཏོ་སིའི་གཞུང་ཚབ་ཆེ་མོ་བ་ཧེང་ལིས། ཀྲུང་གོའི་ཁེ་ལས་ཀྱི་ཕུན་སུམ་ཚོགས་པའི་དོ་དམ་ཉམས་མྱོང་དང་། ཆེད་ལས་ཀྱི་ལག་རྩལ་ཆུ་ཚད། ཕུལ་བྱུང་གི་ཁེ་ལས་རིག་གནས་བཅས་ལ་སློབ་སྦྱོང་བྱེད་རིན་ཡོད། ཅ་ལེ་པིའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པའི་པ་པ་ཏོ་སིས་ཀྲུང་གོའི་ཁེ་ལས་དང་མཉམ་དུ་སྐམ་སའི་ཐོག་མཉམ་ལས་བྱེད་པ་དང་ཆབས་ཅིག རྒྱ་མཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་བཏོད་དེ། ལག་རྩལ་སྤེལ་རེས་ལ་བརྟེན་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་རེ་བྱེད་ཀྱི་ཡོད་ཅེས་བརྗོད།

    “ང་ཚོས་ཀྲུང་གོ་ལྕགས་ལམ་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོའི་ཁེ་ལས་གཞན་དག་དང་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་པོའི་ཕན་ཚུན་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ལག་གདང་སྦྲེལ་ནས་སྤུས་ཚད་མཐོན་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཀྲུང་གོར་བཅའ་སྡོད་བྷེ་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཚན་ཙན་ཁོ་ཝ་ལེ་ནོ་ཁེ·ཏེ་སྨི་ཐེ་ལིས་ཀྲུང་གོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པ་རེད། ཁོང་གིས། བྷེ་ཨུ་རུ་སུ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱེད་མཁན་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་མཉམ་ལས་བྱེད་པའི་རྣམ་གྲངས་ཀྱི་གྲངས་འབོར་དང་གཞི་ཁྱོན་མགྱོགས་མྱུར་འཕར་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་ཡང་བསྐྲུན་ཡོད་ཅེས་བརྗོད།

    ཀྲུང་གོར་བཅའ་སྡོད་ཧོང་ཏུ་ར་སིའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་པུའུ་ལུའོ་ཏེ་ཡིས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཧེང་ཏུ་ར་སིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ལེགས་སུ་གཏོང་དགོས་ཀྱི་ཡོད། འདི་ལོའི་ཟླ་3པར་ཧོང་ཀྲུང་དབར་ཕྱི་འབྲེལ་དངོས་སུ་བཙུགས་པ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་འགོ་ཡག་པོ་ཞིག་བཙུགས་ཡོད། ཧོང་ཏུ་ར་སིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་ཧུར་ཐག་ཞུགས་ནས་ཀྲུང་གོ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། “‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པར་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་ལས་སྟེགས་མཁོ་འདོན་བྱས་པ་དེ་ཐོག་ནས་ཀྲུང་གོ་དང་འཛམ་གླིང་གིས་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་པའི་མིག་རྒྱང་རིང་པོ་མཚོན་གྱི་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།